Skip to main content Skip to search
gtum ston blo gros grags
ID:
T231658
  • གཏུམ་སྟོན་བློ་གྲོས་གྲགས (Tibetan, Tibetan script, Original)
    • > gtum ston blo gros grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tum tön lodrö drak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་གཉིས་པའི་མེ་ཁྱི (༡༡༠༦)ལོ་ནས་རབ་བྱུང་གསུམ་པའི་མེ་ཁྱི (༡༡༦༦) བར་དགུང་ལོ་རེ་གཅིག་བཞུགས། དགེ་བཤེས་ཤ་ར་བའི་སློབ་མ་ཡིན། གདུང་རུས་གཏུམ་ཡིན། རྔོག་མཚོའི་མཁན་པོ་ལྡོག་པ་ཆེན་པོའི་མཁན་བུ་རྒྱ་འདུལ་ལ་དམ་པའི་ཆོས་འདུལ་བ་ལེགས་པར་བསླབས་ཏེ་འདུལ་བའི་བཤད་པའང་མཛད། དེ་ནས་དབུས་སུ་བྱོན་ཏེ་དགེ་བཤེས་ཤ་ར་བ་ཆེན་པོ་ལོ་བཅུའི་བར་དུ་བསྟེན་ཅིང་མཉེས་པར་མཛད་ནས་བཀའ་གདམས་པའི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད། དགེ་བཤེས་ཤ་ར་བའི་བཀའ་བབས་ཀྱི་བུ་ཆེན་པོར་གྱུར། དགུང་ལོ་ཞེ་བརྒྱད་པ། རབ་བྱུང་གསུམ་པའི་ཆུ་བྱ (༡༡༥༣) ལོར་གཙང་སྣར་ཐང་གི་དགོན་པ་བཏབ། ལོ་བཅུ་བཞི་བར་གདན་ས་བསྐྱངས། དེ་ནས་རང་ཉིད་ཀྱི་སློབ་མ་རྡོ་སྟོན་ཤེས་རབ་གྲགས་གདན་སར་བསྐོ་གཞག་གནང་སྟེ་ལ་སྟོད་བྱང་གི་རྟ་སྡེ་ཆོས་ལུང་དུ་བྱོན་ནས་ཐུགས་དམ་མཛད། མཐར་རབ་བྱུང་གསུམ་པའི་མེ་ཁྱི (༡༡༦༦)ལོའི་རྒྱལ་གྱི་ཟླ་བའི་ཚེས་ཉེར་གསུམ་ཉིན་མྱ་ངན་ལས་འདས།

language:
Tibetan