Skip to main content Skip to search
gter chen kun skyong gling pa
ID:
T231674
  • གཏེར་ཆེན་ཀུན་སྐྱོང་གླིང་པ (Tibetan, Tibetan script, Original)
    • > gter chen kun skyong gling pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > terchen kün kyong lingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་བདུན་པའི་མེ་བྱི (༡༣༩༦) ལོར་གཙང་གི་ཤངས་ལྷ་ཕུ་བི་རྫི་ཞེས་པའི་ཡུལ་དུ་ཡབ་དཔའ་བོ་རྒྱལ་མཚན་མགོན་དང་། ཡུམ་བདེ་མཆོག་དཔལ་མོའི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྐྱེ་བ་མང་པོ་ཐུགས་དྲན་གསོས་ཤིང་། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་ཞིག་བྱུང་། དགུང་ལོ་བཅུ་བཞི་ཙམ་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པས། དེ་ནས་རིམ་པར་ཟབ་གཏེར་སྣ་ཚོགས་པ་བཞེས་ཤིང་། དགུང་ལོ་ཉེར་གཅིག་པ་ལ་རྡོ་རྗེ་ལེགས་པས་བསྐུལ་ཏེ་བསམ་ཡས་མཆོད་རྟེན་དཀར་པོའི་གཏེར་ཁ་བཞེས་པས། དེ་ནས་ཆོས་གཏེར་དཔག་མེད་དང་། གཏེར་གྱི་ཁ་བྱང་། བྲམ་ཟེའི་སྐུ་ཤ་དེ་བཞིན་གཤེགས་པའི་རིང་བསྲེལ་ལ་སོགས་པའི་བྱིན་རླབས་རྟེན་མང་པོ་དང་། བོད་ཕུང་འཚེངས་ནུས་པའི་དྲག་སྔགས་མང་པོ་ཡང་ཐོན། ཕྱོགས་མཐའ་ཀུན་ཏུ་དཔའ་བོ་གཏེར་སྟོན་ཞེས་གྲགས་ཤིང་། འགྲོ་དོན་དང་འཕྲིན་ལས་རྒྱ་ཆེར་བྱུང་། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་པ་རབ་བྱུང་བརྒྱད་པའི་མེ་བྱ (༡༤༧༧) ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

language:
Tibetan