- gter ston zhig po gling pa
- ID:
- T231682
- གཏེར་སྟོན་ཞིག་པོ་གླིང་པ (Tibetan, Tibetan script, Original)
- > gter ston zhig po gling pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tertön shyikpo lingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཏེར་སྟོན་འདི་ཉིད་དབུ་རུ་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་ཡུལ་དང་ཉེ་བ་སྟོད་ལུང་སྣང་རྩེ་ཞེས་པར་ཡབ་ནམ་མཁའ་དབང་ཆེན་ཕུན་ཚོགས་དང་ཡུམ་ཚེ་དབང་བསྟན་མའི་སྲས་སུ་རབ་བྱུང་དགུ་པའི་ཤིང་སྤྲེལ (༡༥༢༤) ལོར་སྐུ་བལྟམས། དགུང་ལོ་ལྔ་པ་ལ་རྗེ་སྨན་ཆུ་བ་ནམ་མཁའ་རིན་ཆེན་པའི་དྲུང་དུ་དབུ་སྐྲ་གཅོད་པ་དང་ལུས་སྒྱུར་ཞུས་པས་སྔགས་སྡོམ་བྱིན་ནས་མཚན་ནམ་མཁའ་ཚེ་དབང་རྒྱལ་པོ་གསོལ། དགུང་ལོ་ཉེར་གཅིག་གི་དུས་གཏེར་སྒྲུབ་མཛད་པས་མནལ་ལམ་དུ་བྱུང་བ་ཟིན་བྲིས་བཏབ་ནས་ལོ་དེར་གསང་ཕུག་ནས་ཚེ་སྒྲུབ་རྒྱལ་བ་འདུས་པའི་སྐོར་དང་། དམ་རྫས་སྐྱེ་བདུན། ཚེ་ཆུ་སོགས་མང་དུ་བཞེས། དེ་ནས་ཟངས་ཡག་བྲག་ཟུར་མཁར་རྡོ་རྗེའི་མཆོད་རྟེན། དབུ་རུ་ཞྭའི་ལྷ་ཁང་། གཞུ་སྟོང་གཏེར་སྒྲོམ། ལྷ་ས་དང། བསམ་ཡས་ཀྱི་གཙུག་ལག་ཁང་སོགས་ནས་ཐུགས་དམ་ཟབ་པ་སྐོར་བདུན། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྟ་མགྲིན་ནཱ་ག་ཀླུ་འདུལ། དྲག་པོ་གནམ་ལྕགས་མེའི་འཁོར་ལོ་སོགས་གཏེར་ཆོས་མང་པོ་དང་། སྐུ་ཚབ་རྟེན་གསུམ་དམ་རྫས་ལ་སོགས་པ་མང་དུ་གདན་གྲངས། བཀའ་གཏེར་གོང་མ་རྣམས་ལ་ཐུགས་གཙིགས་ཆེར་མཛད་པས། གསང་ཆེན་རྙིང་མ་ལ་བཀའ་གཏེར་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པས་བསྟན་པའི་རྩ་ལག་ཏུ་གྱུར། གཏེར་ཆེན་འདི་ཉིད་ཀྱི་འདས་ལོ་མ་གསལ།
- language:
- Tibetan