- gter ston rat+na gling pa
- ID:
- T231685
- གཏེར་སྟོན་རཏྣ་གླིང་པ (Tibetan, Tibetan script, Original)
- > gter ston rat+na gling pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tertön ratna lingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཏེར་སྟོན་འདི་ཉིད་ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་དང་ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་ལུག (༡༤༠༣) ལོར་འཁྲུངས། མཚན་རིན་ཆེན་དར་ཞེས་གསོལ། དགུང་ལོ་དྲུག་པ་ལ་ཡབ་ཀྱིས་ཡི་གེ་འབྲི་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད། སྐུ་གཞོན་ནུའི་དུས་ཐུགས་རྒོད་ཅིང་ལུས་རྩལ་སོགས་ལ་གཞན་གྱིས་འགྲན་དུ་མེད་པར་གྲགས་ཤིང་། བཟོ། གསོ་བ། སྒྲ། སྙན་ངག་སོགས་དང་། གླུ་བྲོ་ཚུན་ལ་ཤིན་ཏུ་མཁས། དགུང་ལོ་ཉེར་གཉིས་ནས་སྲིད་ཀྱི་བྱ་བ་མཛད། དགུང་ལོ་ཉེར་བདུན་ལ་ཕེབས་སྐབས་གུ་རུ་རིན་པོ་ཆེས་གཏེར་གྱི་ཁ་བྱང་དངོས་སུ་གནང་། དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་དབུ་བཙུགས་ཏེ་འབྲི་ཐང་ཀོ་རོ་བྲག་དང་། ལྷོ་བྲག་གནམ་སྐས། མཁར་ཆུ་དཔལ་གྱི་ཕུག་རིང་སོགས་ནས་སྔ་རྗེས་སུ་གཏེར་ཁ་ཉི་ཤུ་རྩ་ལྔ་བཞེས། ཤིང་ཡོས (༡༤༣༥) ལོར་ཀརྨ་པ་མཐོང་བ་དོན་ལྡན་མཇལ་བར་ཕེབས་ནས་བཀའ་ཆོས་མང་དུ་གསན། གསུང་མགུར་དང་། རྩོད་ཟློག ཆོས་འབྱུང་། དབང་ཁྲིད། ཞལ་གདམས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། དགུང་ལོ་དོན་དྲུག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་ཁྱི (༡༤༧༨) ལོར་གཟུགས་སྐུའི་བཀོད་པ་བསྡུས་སོ། །
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ 1403 ལོར་ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་དང་། ཡུལ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་ཕག་[718]ལོ་སྟེ་སྤྱི་ལོ 1479 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་བསླབས་ཏེ་ཚེགས་མེད་དུ་མཁྱེན་ཞིང་དགུང་ལོ་བཅུ་གསུམ་པར་དག་པའི་སྣང་བ་འགའ་ཞིག་ཤར་ཏེ་སྔོན་སྦྱངས་སྟོབས་ཀྱིས་རིག་པའི་གནས་རྣམས་དང་། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད་ནས་རྟོགས་པ་མངོན་དུ་གྱུར། དགུང་ལོ་སུམ་ཅུ་ཐམ་པར་ཁྱུང་ཆེན་བྲག་དང་། རིམ་གྱིས་འབྲི་ཐང་ཀོ་རོ་བྲག་ལྷོ་བྲག་གནམ་སྐས་ཅན། མཁར་ཆུ་དཔལ་གྱི་ཕུག་རིང་སོགས་ནས་གཏེར་ཁ་ཉི་ཤུ་རྩ་ལྔ་བཞེས། ལྷག་པར་དུ་ཐུགས་སྒྲུབ་དང་སྨན་སྒྲུབ་མང་དུ་མཛད་ཅིང་མདོ་དབུས་ཁམས་གསུམ་གྱི་བུ་མང་དུ་བསྐྱངས་ཏེ་འཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར། དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བདུན་ཅུ་དོན་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་མཚན་གཞན་ལ་ཞིག་པོ་གླིང་པ་དང་འགྲོ་འདུལ་གླིང་པ་ཞེས་ཞུའོ། །ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཀརྨ་པ་མཐོང་བ་དོན་ལྡན་དང་། སྣེ་གདོང་ཀུན་དགའ་ལེགས་འབྱུང་། འབྲུག་པ་སྨྱོས་མཐིང་མ་བ། སྨན་རྩེ་བསམ་གྲུབ་རྒྱལ་པོ། ར་ལུང་ཀུན་དགའ་དཔལ་འབྱོར། ཀོང་པོ་བྱ་ཁྱུང་པ་བཅས་ཡིན་ནོ། ཁོང་གི་གསུང་རྩོམ་ནི་གསུང་མགུར་གྱི་སྐོར་དང་། རྩོད་ཟློག་གི་སྐོར། ཆོས་འབྱུང་གི་སྐོར། དབང་ཁྲིད་ཞལ་གདམས་ཀྱི་སྐོར་བཅས་བཞུགས་སོ།།
- language:
- Tibetan