- gter ston las 'phro gling pa
- ID:
- T231686
- གཏེར་སྟོན་ལས་འཕྲོ་གླིང་པ (Tibetan, Tibetan script, Original)
- > gter ston las 'phro gling pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tertön letro lingpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཏེར་སྟོན་ཆེན་པོ་འདི་ཉིད་སྐུ་གཅིག་ལ་མཚན་གསུམ་ཡོད་པ་སྟེ། གཏེར་སྟོན་ལས་འཕྲོ་གླིང་པ། རིག་འཛིན་འཇའ་ཚོན་སྙིང་པོ། སྔགས་འཆང་ཧཱུཾ་ནག་མེ་འབར་བཅས་སོ། །རྗེ་འདི་ཉིད་ཀོང་ཡུལ་ཝ་ཧུ་གནམ་ཚལ་དུ་ཡབ་ཆོས་སྐྱོང་མགོན་པོ་དང་ཡུམ་མ་སངས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་བྱ (༡༥༨༥) ལོར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆགས་ལྡན་ཞིང་། དགུང་ལོ་གསུམ་པ་ལ་ཕེབས་སྐབས་ཡི་གེ་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱུང་། དགུང་ལོ་བཅུ་གཉིས་ནས་ཉི་ཤུར་མ་ཕེབས་བར་སློབ་གཉེར་དང་། ལྷག་པར་གསོ་རིག་ལ་སྦྱངས་པ་མཛད་པས་མཁས་པར་གྱུར། སྐུ་གཞོན་ནུ་ནས་ཆོས་ཁོ་ན་ལ་རྩེ་གཅིག་ཏུ་ཐུགས་འདུན་གཏད་ཅིང་། འཁོར་བ་ལ་སྐྱོ་ཤས་དྲག་པོ་འཁྲུངས་ཏེ་ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་རབ་ཏུ་བྱུང་། ཆོས་རྗེ་རིན་ཆེན་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་ཐུགས་སྐུལ་མཛད་འོག་ལྕགས་སྤྲེལ (༡༦༢༠) ལོར་གཏེར་གྱི་ཐོག་མར་མཚོ་རྒྱལ་གྱི་ཕྱག་བྲིས་མ་དང་གཏེར་གྱི་ཁ་བྱང་བཞེས། དེ་ནས་བྲག་ལུང་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་གསང་གཏེར་དུ་བཞེས་ནས་གཏེར་སྒྲུབ་དང་གསང་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པ་མཛད། གཞན་ཡང་ཀོང་པོ་བུ་ཆུང་དང་། བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང་། སྙེལ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས་དབུ་རུ་ཞྭའི་ལྷ་ཁང་སོགས་ནས་ཟབ་གཏེར་མང་པོར་སྤྱན་དྲངས་ཐོག སྐལ་ལྡན་གྱི་གདུལ་བྱ་དུ་མ་སྨིན་གྲོལ་གྱི་ལམ་དུ་བཀྲི་བཞིན་པར་དགུང་གྲངས་དོན་གཉིས་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ (༡༦༥༦) ལོར་བང་རིའི་འཇོག་པོར་འདས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1585 ལོར་[719]ཀོང་ཡུལ་ཝ་རུ་གནམ་ཚལ་དུ་ཡབ་ཆོས་སྐྱོང་མགོན་པོ་དང་། ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1656 ལོར་བང་རི་འཇོག་པོར་སྐུ་གཤེགས། ཁོང་དགུང་ལོ་གསུམ་པ་ནས་ཡི་གེ་བརྡ་སྟོན་ཙམ་གྱིས་མཁྱེན་པར་གྱུར། དགུང་ལོ་བཅུ་གཉིས་ནས་ཉི་ཤུ་བར་དུ་སློབ་གཉེར་མཛད་ཅིང་ཁྱད་པར་དུ་གསོ་རིག་ལ་སྦྱངས་པ་མཐིལ་ཕྱིན་པ་མཛད། དེ་ནས་ཆོས་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་ཆོས་རྒྱལ་དབང་པོ་ཞེས་གསོལ། རྗེས་སུ་ལྷ་རྩེ་བ་ལས་བསྙེན་རྫོགས་ཞུས། ལོ་ངོ་བཅུ་བདུན་གྱི་རིང་དུ་འདག་སྦྱར་ཁོ་ན་མཛད་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1620 ལོར་ལྕགས་ཁྲོའི་བྱ་ཆུ་བྱིའུ་ཕྲུག་ཙམ་གྱི་ནང་ནས《མཚོ་རྒྱལ་གྱི་ཕྱག་བྲིས་མ》གཏེར་ལས་བཞེས། གཞན་ཡང་ཟབ་གཏེར་མང་དུ་སྤྱན་དྲངས་ཤིང་《དཀོན་མཆོག་སྤྱི་འདུས》སོགས་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། བང་རི་འཇོག་པོའི་སྒྲུབ་སྡེ་གསར་འདེབས་མཛད་ཅིང་བུ་སློབ་མང་དུ་བསྐྱངས་སོ། དགུང་ལོ་དོན་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་ཚབ་གྲགས་པ་དོན་གྲུབ་དང་། འབྲི་གུང་ཆོས་ཀྱི་གྲགས་པ། འབྲུག་པ་དཔག་བསམ་དབང་པོ། རྡོར་བྲག་རིག་འཛིན་ངག་དབང་། རྩེ་ལེ་སྣ་ཚོགས་རང་གྲོལ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་བདུད་འདུལ་རྡོ་རྗེ་བཅས་[720]ཡིན་ནོ།།
- language:
- Tibetan