Skip to main content Skip to search
btags grol las byung ba'i ye shes nyi shu rtsa lnga
ID:
T231722
  • བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩ་ལྔ (Tibetan, Tibetan script, Original)
    • > btags grol las byung ba'i ye shes nyi shu rtsa lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak drol lé jungwé yeshe nyishu tsa nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དང་པོ་ཆོས་དབྱིངས་ཡེ་ཤེས་ལྔ་དང་། གཉིས་པ་མེ་ལོང་ཡེ་ཤེས་ལྔ་དང་། གསུམ་པ་མཉམ་ཉིད་ཡེ་ཤེས་ལྔ། བཞི་པ་སོར་རྟོག་ཡེ་ཤེས་ལྔ། ལྔ་པ་བྱང་ཆུབ་ཡེ་ཤེས་ལྔ་བཅས་ལས། དང་པོ་ལ། ༡ དབྱིངས་ཀྱི་ཡེ་ཤེས་ཆེན་པོ། ༢ ཆོས་དབྱིངས་འཁྱིལ་བའི་ཡེ་ཤེས། ༣ རྣམ་པ་དབྱིངས་ཀྱི་ཡེ་ཤེས། ༤ དབྱིངས་ཆེན་བདལ་བའི་ཡེ་ཤེས། ༥ འཁོར་འདས་དབྱིངས་ཆེན་ཡེ་ཤེས་སྟེ་ཆོས་དབྱིངས་ཀྱི་ཡེ་ཤེས་ལྔ། གཉིས་པ། ༦ མེ་ལོང་གསལ་མདངས་ཡེ་ཤེས། ༧ མེ་ལོང་ཀུན་འཆར་ཡེ་ཤེས། ༨ རྟོག་མེད་ཀུན་གསལ་ཡེ་ཤེས། ༩ རྟགས་མེད་རྩོལ་བའི་ཡེ་ཤེས། ༡༠ གསལ་ལ་འཛིན་མེད་ཡེ་ཤེས་སྟེ་མེ་ལོང་ཡེ་ཤེས་ལྔ། གསུམ་པ་ལ། ༡༡ མཉམ་པ་ཉིད་ཀྱི་ཡེ་ཤེས། ༡༢ མ་འགག་ལྷུན་མཉམ་ཡེ་ཤེས། ༡༣ མི་གཡོ་མཉམ་ཉིད་ཡེ་ཤེས། ༡༤ མཉམ་ཉིད་ཆེན་པོའི་ཡེ་ཤེས། ༡༥ ཅི་ལ་ཅི་གནས་ཡེ་ཤེས་སྟེ་མཉམ་ཉིད་ཡེ་ཤེས་ལྔ། བཞི་པ་ལ། ༡༦ བྱ་བ་སྒྲུབ་པའི་ཡེ་ཤེས། ༡༧ བྱ་བ་བྱེད་པའི་ཡེ་ཤེས། ༡༨ བྱ་བ་མི་གནས་ཡེ་ཤེས། ༡༩ བྱ་བ་བཏང་བའི་ཡེ་ཤེས། ༢༠ སྒྲོ་འདོགས་ཆོད་པའི་ཡེ་ཤེས་དང་ལྔ། ལྔ་པ་ལ། ༢༡ སོ་སོར་རྟོག་པའི་ཡེ་ཤེས། ༢༢ དོན་རྣམ་འབྱེད་པའི་ཡེ་ཤེས། ༢༣ རྟོགས་པ་སྐད་ཅིག་ཡེ་ཤེས། ༢༤ རྟོགས་པའི་ཡེ་ཤེས་ཆེན་པོ། ༢༥ གོང་བ་ཆེན་པོའི་ཡེ་ཤེས་དང་ལྔའོ། །

language:
Tibetan