- rta chag sgang
- ID:
- T231744
- རྟ་ཆག་སྒང (Tibetan, Tibetan script, Original)
- > rta chag sgang (Tibetan, Latin script, Transliteration-THL Extended Wylie Transliteration)
- > ta chak gang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཁོངས་འབྲི་གུང་མཐིལ་དགོན་པའི་རྒྱབ་ངོས་ཀྱི་རི་བོའི་སྦོ་རུ་རྟ་ཆག་སྒང་ཞེས་པའི་ས་ཆར་སྐྱོབ་པ་འཁོར་ཉུང་བསྡུས་དང་བཅས་པ་སྐྱོ་བསངས་སུ་བྱོན། དེ་འཁོར་རྣམས་ལ་རྫུ་འཕྲུལ་སྣ་རེ་སྟོན་དགོས་ཞེས་གསུངས་པས་གཉོས་རྒྱལ་བ་ལྷ་ནང་པས་རྒྱ་གར་གྱི་ཨ་རུ་ར་རློན་པ་བླངས་ནས་ཕུལ། དཔལ་ཆེན་ཆོས་ཡེས་བླ་མའི་ཐུགས་ཀར་ཐིམ། འགར་དམ་པས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བཞེངས། ཇ་མ་སྤོ་བོ་བཀྲ་ཤིས་སེང་གེས་ཆོས་གོས་དང་ཇ་ཚགས་གཟར་བུ་རྣམས་ཉི་ཟེར་ལ་བཀལ་བ་སོགས་ཀྱི་རྫུ་འཕྲུལ་སྣ་རེ་བསྟན་པའི་སྐབས་སུ་ཉེ་གནས་རིན་ཆེན་གྲགས་ཀྱིས་རྫུ་འཕྲུལ་བསྟན་མ་ཐུབ་པས་སྐྱེངས་ནས་དེ་གར་གཤེགས་སོ། །
- language:
- Tibetan