Skip to main content Skip to search
rta steng nas mda' mo 'phen pa
ID:
T231749
  • རྟ་སྟེང་ནས་མདའ་མོ་འཕེན་པ (Tibetan, Tibetan script, Original)
    • > rta steng nas mda' mo 'phen pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ta teng né damo penpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དེ་ནི་གནའ་རབས་སུ་འབྲོག་པ་སྐྱས་སྤོ་པ་དང་། རིགས་དྭགས་རྔོན་པ། དམག་དོན་བཅས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་དུ་རྟ་དམག་རུ་ཁག་སྟོབས་དང་ལྡན་པ་འབོར་ཆེན་ཡོད་པས་དམག་དཔུང་ནང་རྟག་ཏུ་རྒྱུག་དང་། རྟ་རྩལ། མདའ་མོ་འཕེན་པ་བཅས་ཀྱི་དཔའ་རྩལ་སྣ་ཚོགས་འགྲན་པའི་བྱེད་སྒོ་སྤེལ་བས་རྗེས་སོར་དེ་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོའི་རྣམ་གྲངས་སུ་གྱུར་ནས་ལོ་ལྟར་བོད་ཟླ་དང་པོའི་ནང་ལྷ་སར་གཞི་རྒྱ་ཤིན་ཏུ་ཆེ་བའི་རྟ་རྒྱུག་དང་། རྟ་རྩལ། མདའ་མོ་འཕེན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་ལྔ་བརྒྱ་དྲུག་བརྒྱ་ཙམ་ཟིན་པ་ཡིན།

language:
Tibetan