- rta ston jo 'bum
- ID:
- T231751
- རྟ་སྟོན་ཇོ་འབུམ (Tibetan, Tibetan script, Original)
- > rta ston jo 'bum (Tibetan, Latin script, Transliteration-THL Extended Wylie Transliteration)
- > ta tön jo bum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་ཉིད་ཡབ་རྟ་བོན་དབང་གྲགས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་འབྲུག (༡༡༢༤) ལོར་སྐུ་འཁྲུངས། སྐུ་ཆུང་དུས་གཟད་ཀྱི་གྲུམ་བུ་ལུང་པའི་བླ་མ་མདའ་བྱང་ཆུབ་སེམས་དཔའི་སྤྱན་སྔར་པོ་ཏོ་བའི་བཀའ་གདམས་ཀྱི་ཆོས་རྣམས་གསན། དེ་ནས་རང་ཡུལ་གྱི་འཁོར་འབངས་དང་ཡུལ་གཞིས་ཤིན་ཏུ་འཛོམས་པར་ཡོད་པ་དེ་དག་ལ་སྐྱོ་བ་སྐྱེས་ནས་གཡོག་བཞི་ཁྲིད་དེ་ལྷ་རྗེ་གླན་ཉ་ཚལ་བའི་ཐུགས་སྲས་གཉོས་ཆུ་བོ་རི་པའི་སྤྱན་སྔར་བྱོན་ཏེ་དཔོན་གཡོག་ལྔ་སྟབས་གཅིག་ཏུ་ཆོས་སྒོར་ཞུགས་ནས་སྔགས་རྙིང་མའི་ཆོས་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་སྐོར་གྱི་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་མཁས་པར་གྱུར། བླ་མ་ཕག་མོ་གྲུ་པའི་སྤྱན་སྔར་བྱོན་ནས་ལམ་འབྲས་དང་ཕྱག་རྒྱ་ཆེན་པོའི་གདམས་པ་མ་ལུས་པ་གསན། གཞན་ཡང་དབུ་རུ་སྟོད་ཀྱི་བླ་མ་འཚར་སྟོན་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་ཀྱི་དོ་ཧ་སྐོར་གསུམ་གསན། ཟངས་རི་འབྲོ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྐོར་རྣམས་གསན། བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་ཞུས། དེ་ལྟར་བླ་མ་མང་དུ་བསྟེན་ཀྱང་གཉོས་ཆུ་བོ་རི་པ་དང་། ཕག་མོ་གྲུ་པའི་རྩ་བའི་བླ་མར་འཛིན། གསན་པ་ཐུགས་ཐག་ཆོད་ནས་ཆུ་བོ་རི་ལ་བཞུགས་ཏེ་སྒྲུབ་པ་མཛད། གདུལ་བྱའི་ཚོགས་ཀྱང་མང་དུ་འདུས་ཏེ་གཞན་དོན་རྒྱ་ཆེར་བསྐྱངས། འདི་ཉིད་ལ་སྲས་རྟ་སྟོན་ཇོ་ཡེས་དང་དབུས་པ་ཇོ་བསོད་གཉིས་ཡོད། མཐར་ཇོ་འབུམ་དགུང་ལོ་ལྔ་བཅུ་རྩ་གཅིག་པ་རབ་བྱུང་གསུམ་པའི་ཤིང་རྟ (༡༡༧༤) ལོའི་ཆོ་འཕྲུལ་གྱི་ཚེས་བཅུ་གསུམ་ལ་འདས།
- language:
- Tibetan