Skip to main content Skip to search
rta dbang dga' ldan rnam rgyal lha rtse
ID:
T231772
  • རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ (Tibetan, Tibetan script, Original)
    • > rta dbang dga' ldan rnam rgyal lha rtse (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ta wang ganden namgyal lha tsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(མོན་རྟ་དབང) ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱུང་བའི་རྗེས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ (༡༦༨༠) ལོར་མོན་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་དང་མཚོ་སྣའི་ལྡིང་དཔོན་ནམ་མཁའ་འབྲུག་གྲགས་གཉིས་བཏང་ནས་མོན་དུ་སྲིད་དབང་བཙུགས། དེའི་རྒྱབ་སྐྱོར་དུ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགོན (ཡོངས་གྲགས་སུ་མོན་རྟ་དབང་དགོན་པ་ཟེར) བཏབ། རྗེས་སུ་རྒྱལ་པོ་ལྷ་བཟང་བོད་ཀྱི་སྲིད་སྐྱོང་བྱས་ནས་ལོ་ཤས་སོང་མཚམས་འབྲུག་དང་མ་མཐུན་པར་བརྟེན་ཕན་ཚུན་འཁྲུག་རྩོད་བྱུང་བའི་སྐབས་ས་གནས་སྲིད་གཞུང་ནས་རྟ་དབང་དགོན་པའི་རྒྱབ་སྐྱོར་དུ་དམག་དྲངས་ཏེ་འབྲུག་པའི་དམག་དཔུང་རྣམས་མཐའ་བསྐྲོད་བཏང་།

language:
Tibetan