Skip to main content Skip to search
rta rtsed po lo
ID:
T231776
  • རྟ་རྩེད་པོ་ལོ (Tibetan, Tibetan script, Original)
    • > rta rtsed po lo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ta tsepo lo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཉེ་བའི་དུས་རབས་སུ་རྟ་རྩེད་པོ་ལོ་རྒྱག་པ་མཐོང་རྒྱུ་མེད་ཀྱང་གནའ་དུས་བོད་ལ་དར་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན། གནའ་དུས་ཐང་བོད་དབར་མཛའ་མཐུན་འགྲན་རྩེད་ཀྱང་བྱེད་མྱོང་བཐང་དེབ་རྙིང་པའི》གླེགས་བམ་བརྒྱ་དང་གོ་དྲུག་པའི་སྟོད་ཆར་ཅིན་ལུང་ཁྲི་ལོ་གསུམ་པའི་ཟླ་བ་བཅུ་གཅིག་པར་བོད་ནས་བློན་ཆེན་ཞང་བཙན་ཏོ་སོགས་ཀོང་ཇོ (ཀིམ་ཤིང་ཀོང་ཇོ) བསུ་བར་མངགས། གོང་མ་ཀྲུང་ཙུང་གིས་སྐྱེལ་ལོས་ཚས་ཀྱི་པོ་ལོ་རྩེད་རར་གསོལ་སྟོན་བཤམས་ཏེ། ཧྥུ་མ་ཏུའུ་ཝེ་ཡི་ཐབས་ཡོད་པ་དབྱང་ཧྲིན་ཅའོ་བྱ་བ་དང་། བོད་ཀྱི་ཕོ་ཉ་བས་པོ་ལོ་རྩེ་བ་ལ། གོང་མ་ཀྲུང་ཙུང་དེར་གཟིགས་སུ་ཕེབས་ཞེས་འཁོད་ཡོད། རྒྱ་ཡུལ་དུ་རྟ་རྩེད་པོ་ལོར་མཱ་ཆིའུ་ཞེས་བརྗོད་ཅིང་། དབྱིན་སྐད་ནང་ནས་རྟ་རྩེད་སྤོ་ལོར་ཕོ་ལོ་ (POLO) ཞེས་ (དབྱིན་སྐད་ནང་པོ་ལོའི་རིགས་གཞན་ལ་BALLཟེར) བརྗོད་པ་དེ་བོད་སྐད་ནས་གཡར་བ་རང་ཡིན་པ་དེང་དུས་དབྱིན་ཡིག་མཁས་པ་མང་པོས་བཞེད་ཡོད་ཅིང་། རྟ་རྩེད་པོ་ལོ་ནི་ཐོག་མ་བོད་རང་དུ་བྱུང་བ་དང་། དེ་ནས་རིམ་བཞིན་ཕྱིར་རྒྱལ་ལ་དར་བར་མངོན།

language:
Tibetan