- rta tshag sku phreng dgu pa ngag dbang blo bzang bstan pa'i rgyal mtshan
- ID:
- T231777
- རྟ་ཚག་སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > rta tshag sku phreng dgu pa ngag dbang blo bzang bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > ta tsak ku treng gupa ngawang lo zang tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ལུག (༡༨༡༡) ལོར་འཁྲུངས། སྐུ་གཞོན་དུས་འབྲས་སྤུངས་སུ་ཆོས་ཞུགས་མཛད་ནས་གཞུང་ཆེན་ལ་གསན་བསམ་གནང་། རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་དང་པཎ་ཆེན་བསྟན་པའི་ཉི་མ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་གསན། དགུང་ལོ་སུམ་ཅུའི་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད། རྩོམ་པ་ལཐུབ་པའི་དབང་པོའི་ཀ་བསྟོད》 དྲིས་ལན་ཀུན་གསལ་མེ་ལོང》 ཀླུ་བསངས་དང་ཀླུ་སྤོ་བའི་འདོད་གསོལ》དངརྟ་རྒྱའི་བསངས་མཆོད》 སྣུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྟོགས་བརྗོད་མདོར་བསྡུས》 བ་སོ་སྐུ་ཕྲེང་གོང་མའི་གདན་ས་རྟ་ཚག་ལྷུན་གྲུབ་བདེ་ཆེན་གྱི་དགེ་འདུན་རྣམས་ཀྱི་ཁྲིམས་སུ་བཅའ་བ》སོགས་པོད་གཅིག་བཞུགས། དགུང་ལོ་སོ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ (༡༨༥༠) ལོར་སྐུ་གཤེགས།
- language:
- Tibetan