Skip to main content Skip to search
rta tshag sku phreng bcu pa ngag dbang dpal ldan chos kyi rgyal mtshan
ID:
T231778
  • རྟ་ཚག་སྐུ་ཕྲེང་བཅུ་པ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
    • > rta tshag sku phreng bcu pa ngag dbang dpal ldan chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ta tsak ku treng chupa ngawang palden chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ཡུལ་ཡར་ལུང་སྡེ་པ་ཡབ་ཚེ་རིང་དར་རྒྱས་དང་ཡུམ་ཨ་ལགས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི (༡༨༥༠) ལོར་སྐུ་འཁྲུངས། མཚན་ནོར་བུ་དོན་གྲུབ་ཏུ་གསོལ། དགུང་ལོ་བཞི་ལ་ཕེབས་སྐབས་ལྷ་ས་ཀུན་བདེ་གླིང་ལ་གདན་དྲངས། རྭ་སྒྲེང་སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ལ་གཙུག་ཕུད་ཕུལ། མཚན་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ཞེས་བསྩལ། རྒྱུད་སྟོད་མཁན་ཟུར་ངག་དབང་ནོར་བུ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སོགས་ཀྱི་རིམ་པ་རྣམས་གསན་སྦྱོང་མཛད། དགུང་ལོ་དྲུག་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་དབུ་ཚུགས། མདོ་སྔགས་ཀྱི་གཞུང་ལུགས་ལའང་མཁས་ཆེ་བས་བཀའ་རྩོམ་ཡང་ལྷ་དང་བཅས་པའི་སྐྱེ་རྒུ་མ་ལུས་པའི་གཙུག་ནོར་རྟ་ཚང་རྗེ་དྲུང་ཧོ་ཐོག་ཐུ་ཡོངས་འཛིན་སྲིད་སྐྱོང་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་སྲིད་ཞིའི་མཛེས་རྒྱན། ཆབ་ཤོག་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ། ཆོས་སྡེ་ཆེན་པོ་ཞ་ལུ་རི་ཕུག་གི་བཅའ་ཁྲིམས་ཡི་གེ་རབ་གསལ་ནོར་བུ་སོགས་པོད་ཆུང་གཅིག་ཙམ་མཛད། མཐར་དགུང་གྲངས་སོ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་མེ་ཁྱི (༡༨༨༦) ལོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་རྩེ་ཤར་རྒྱུད་དུ་སྐུ་གཤེགས།

language:
Tibetan