- rta tshag bstan pa'i mgon po
- ID:
- T231779
- རྟ་ཚག་བསྟན་པའི་མགོན་པོ (Tibetan, Tibetan script, Original)
- > rta tshag bstan pa'i mgon po (Tibetan, Latin script, Transliteration-THL Extended Wylie Transliteration)
- > ta tsak tenpé gönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཀུན་གླིང་རྟ་ཚག་སྐུ་ཕྲེང་གསུམ་སྟེ་རྟ་ཚག་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་བོད་ཀྱི་སྲིད་སྐྱོང་ཐེངས་དང་པོ་ཆོས་སྲིད་གཉིས་ཀའི་ཐོག་ནས་མཛད་རྗེས་དང་མཚན་སྙན་ཆེ་ཤོས་ཞིག་ཡིན། ཁོང་ནི་མདོ་སྟོད་སྤོ་པོར་ཡབ་དར་ལ་ཚེ་རིང་དང་ཡུམ་ཟླ་བ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག (༡༧༦༠) ལོར་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་རྟ (༡༨༡༠) ལོར་སྐུ་གཤེགས་དགུང་ལོ་ལྔ་གཅིག་བཞུགས། དགུང་ལོ་ལྔ་པ་ཤིང་སྤྲེལ (༡༧༦༤) ལོར་དཔའ་ཤོད་ཀྱི་ཕོ་བྲང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སེན་བཀོད། རིང་པོ་མ་ལོན་པར་ཤིང་བྱ (༡༧༦༤) ལོར་མན་ཆིང་གོང་མ་ཆེན་ལུང་གིས་རྟ་ཚག་སྐུ་ཕྲེང་རིམ་བྱོན་སྤྱི་དང་ནང་ཚན་རྗེ་གོང་མ་བློ་བཟང་དཔལ་ལྡན་རྒྱལ་མཚན་ཉིད་གོང་མ་རང་ཉིད་ཀྱི་དབུ་བླ་གནང་མྱོང་བའི་དབང་གིས་སྤྲུལ་སྐུ་འདི་ཉིད་ལ་ཐམ་ཀ་དང་འཇའ་ས་སྔར་རྒྱུན་དང་སྐུ་གོང་མའི་དབུ་ཞྭ་དང་གདན་སར་བཞེས་ཆོག་པ་སོགས་བཀའ་བཟང་ཞིབ་རྒྱས་བསྩལ། རབ་བྱུང་བཅུ་གསུམ་པའི་ཤིང་བྱི (༡༨༠༤) ལོའི་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་སྐུ་མྱ་ངན་ལས་འདས། སྐུ་གདུང་བཞུགས་གནས་གསེར་སྡོང་དང་། གཙུག་ལག་ཁང་དང་བཅས་ལ་གསར་བཞེངས་ཐུགས་འགན་བཞེས།
- language:
- Tibetan