Skip to main content Skip to search
rtags dang rten 'brel
ID:
T231814
  • རྟགས་དང་རྟེན་འབྲེལ (Tibetan, Tibetan script, Original)
    • > rtags dang rten 'brel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak dang tendrel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོན་པོའི་ཆོས་དང་། སངས་རྒྱས་ཆོས་ལུགས་གཉིས་ཀས་ད་ལྟའི་གནས་ཚུལ་ལ་བརྟེན་ནས་མ་འོངས་པར་རང་ཉིད་ལ་བཟང་ངན་ཇི་ཡོང་གི་རྟགས་མཚན་དང་། རྟེན་འབྲེལ་ལེགས་ཉེས་བལྟ་བ། དཔེར་ན། སོ་སོ་ཐག་རིང་འགྲོ་སྐབས་རང་གི་ཁྱིམ་ནས་ཐོན་པའི་ཉིན་མོ་ལམ་དུ་མི་ཆུ་ཟོམ་སྟོང་པར་ཁྱེར་ནས་ཚུར་ཡོང་བ་དང་ཐུག་ན། ད་རེས་རང་ཉིད་བསམ་དོན་མི་འགྲུབ་པའི་རྟགས་དང་རྟེན་འབྲེལ་ཡིན་པ་དང་། ཆུ་ཟོམ་ནང་དུ་ཆུ་བླུགས་ནས་ཚུར་ཡོང་བ་ཞིག་དང་ཕྲད་ན་ད་རེས་རང་གི་བསམ་དོན་ཡོངས་སུ་འགྲུབ་པའི་རྟགས་དང་རྟེན་འབྲེལ་ཡིན་ཟེར་བ་སོགས་ཤོད་ཚུལ་ཧ་ཅང་མང་པོ་ཡོད།

language:
Tibetan