Skip to main content Skip to search
rtis tshang ma Ni ba shes rab bkra shis
ID:
T231838
  • རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས (Tibetan, Tibetan script, Original)
    • > rtis tshang ma Ni ba shes rab bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ti tsangma niwa sherab tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རེབ་གོང་སྟོད་དུ་གཡུང་སྟོན་ཁྲོ་རྒྱལ་གྱི་མི་རྒྱུད་ཕྱག་རྡོར་རྒྱལ་གྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཕག(༡༦༤༧) ལོར་འཁྲུངས། དགུང་ལོ་བཅུ་གསུམ་པ་ས་ཕག་ལོར་ཁུ་བོ་གཤིན་རྗེ་རྣལ་འབྱོར་པ་ཤེས་རབ་རྒྱ་མཚོ་ལས་རབ་ཏུ་བྱུང། བཅུ་དྲུག་པ་ཆུ་སྟག་ལོར་རོང་པོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས། རྗེ་སྐལ་ལྡན་པ་ལས་ཆོས་བཀའ་མང་དུ་གསན། དགུང་ལོ་ཉི་ཤུ་པ་མེ་རྟ(༡༦༦༦)ལོར་དབུས་སུ་ཕེབས། དཔོན་སློབ་བློ་གྲོས་རྒྱ་མཚོ་དང། དགེ་སློང་འཇམ་དབྱངས་གྲགས་པ། རབ་འབྱམས་པ་ཆོས་འཕེལ་རྒྱ་མཚོ་སོགས་ལས་དབང་ལུང་བཀའ་ཆོས་མང་དུ་གསན། ཀུན་གཟིགས་ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་མཚན་བཏགས་བཞེས། ཉེར་བདུན་པར་རང་ཡུལ་དུ་ཕེབས། ལྟ་ཁྲིད་ཀྱི་ཡིག་ཆ་བརྩམས། སོ་བདུན་པ་ཆུ་ཕག(༡༦༨༣)ལོར་རྫོང་དཀར་བཀའ་གདམས་ཕོ་བྲང་བཀྲ་ཤིས་གླིང་ཕྱག་བཏབ། དགུང་ལོ་རེ་གཅིག་པར་རོང་པོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་ལོ་བདུན་བསྐྱངས། བདུན་ཅུ་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ(༡༧༡༦)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རེབ་གོང་སྟོད་དུ་གཡུང་སྟོན་ཁྲོ་རྒྱལ་གྱི་མི་རྒྱུད་ཕྱག་རྡོར་རྒྱལ་གྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཕག (༡༦༤༧) ལོར་འཁྲུངས། དགུང་ལོ་བཅུ་གསུམ་པ་ས་ཕག་ལོར་ཁུ་བོ་གཤིན་རྗེ་རྣལ་འབྱོར་པ་ཤེས་རབ་རྒྱ་མཚོ་ལས་རབ་ཏུ་བྱུང་། བཅུ་དྲུག་པ་ཆུ་སྟག་ལོར་རོང་པོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས། རྗེ་སྐལ་ལྡན་པ་ལས་ཆོས་བཀའ་མང་དུ་གསན། དགུང་ལོ་ཉི་ཤུ་པ་མེ་རྟ (༡༦༦༦) ལོར་དབུས་སུ་ཕེབས། དཔོན་སློབ་བློ་གྲོས་རྒྱ་མཚོ་དང་། དགེ་སློང་འཇམ་དབྱངས་གྲགས་པ། རབ་འབྱམས་པ་ཆོས་འཕེལ་རྒྱ་མཚོ་སོགས་ལས་དབང་ལུང་བཀའ་ཆོས་མང་དུ་གསན། ཀུན་གཟིགས་ལྔ་བ་ཆེན་པོ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་ལྔ་པར་ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་མཚན་བཏགས་བཞེས། ཉེར་བདུན་པར་རང་ཡུལ་དུ་ཕེབས། ལྟ་ཁྲིད་ཀྱི་ཡིག་ཆ་བརྩམས། སོ་བདུན་པ་ཆུ་ཕག (༡༦༨༣) ལོར་རྫོང་དཀར་བཀའ་གདམས་ཕོ་བྲང་བཀྲ་ཤིས་གླིང་ཕྱག་བཏབ། དགུང་ལོ་རེ་གཅིག་པར་རོང་པོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་ལོ་བདུན་བསྐྱངས། བདུན་ཅུ་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ (༡༧༡༦) ལོར་སྐུ་གཤེགས།

language:
Tibetan