Skip to main content Skip to search
rten 'brel gyi nus pa
ID:
T231854
  • རྟེན་འབྲེལ་གྱི་ནུས་པ (Tibetan, Tibetan script, Original)
    • > rten 'brel gyi nus pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tendrel gyi nüpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རོ་དང་ཞུ་རྗེས་སོགས་ལ་བལྟོས་མི་དགོས་པ་ནད་དང་གཉེན་པོ་གཉིས་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་གི་དབང་གིས་ནད་འཇོམས་པར་བྱེད་པའི་སྨན་གྱི་ནུས་པའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། བདུན་པ་རྟེན་འབྲེལ་གྱི་ནུས་པ་ནི། མི་ཐོག་གིས་བསད་པའི་རུས་པ་དང་། རྒྱུ་གཟེར་གྱིས་ཤི་བའི་རུས་པས་རྒྱུ་གཟེར་ལ་ཕན་པ་དང་། ཤར་ལྟའི་བྱི་སས་རྒྱུ་རྒན་ལ་ཕན་པ། རི་བོང་གི་ཀླད་པ་དང་པད་རཀ་གིས་དམར་བཤལ་ལ་ཕན་པ། མགོ་ཆག་གི་རུས་པ་ཟུར་གསུམ་པས་མགོ་ཆག་ལ་ཕན་པ་ལྟ་བུ་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan