Skip to main content Skip to search
rtogs byed kyi rig pa
ID:
T231889
  • རྟོགས་བྱེད་ཀྱི་རིག་པ (Tibetan, Tibetan script, Original)
    • > rtogs byed kyi rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tok jé kyi rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་རྒྱ་གར་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་བཅུ་གཉིས་ཡོད་པའི་ནང་ཚན་དཔྱོད་པ་བའམ་རིག་པ་ཅན་པ་གཉིས་གང་རུང་ཞིག་ལ་ཟེར་བ་འདྲ་སྟེ། མུ་སྟེགས་དཔྱོད་པ་བ་ནི་དྲང་སྲོང་རྒྱལ་དཔོག་པའི་རྗེས་སུ་འབྲངས་པས་ནས་རྒྱལ་དཔོག་པའང་ཟེར། དེས་བདག་གི་ངོ་བོ་སེམས་པ་ཅན་དང་། བེམ་པོ་མ་ཡིན་པ། ཤེས་རིག་གི་རང་བཞིན། རྟག་པའི་ངོ་བོ། གཞན་དང་མ་འབྲེལ་བའི་ཡན་གར་བ། ཆ་ཤས་མེད་པ་ཞིག་བཅས་ཡིན་པ་དང་། གནས་སྐབས་ངན་སོང་གི་སྡུག་བསྔལ་ཙམ་ལས་གྲོལ་བའི་ཐར་པ་ཡོད་ཀྱང་། དྲི་མ་ནི་སེམས་ཀྱི་རང་བཞིན་ལ་ཞུགས་པ་ཡིན་པས་སྡུག་བསྔལ་ལས་གཏན་དུ་ཐར་བའི་ཐར་པ་ནི་མེད་ལ་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་ཡོད་པས་ཐམས་ཅད་མཁྱེན་པ་ཡང་མེད་ཅིང་། བདེན་དོན་ཡིན་པའི་ངག་ཀྱང་མེད་པ་དང་། ཚད་མ་དྲུག་དང་བཅུ་གཅིག་ཏུ་འདོད་པའི་ལུགས་གཉིས་ཡོད། རིག་པ་ཅན་པ་ནི། དྲང་སྲོང་རྐང་མིག་གི་རྗེས་སུ་འབྲངས་པས་ན་རྐང་རྨིག་པ་ཡང་ཟེར་ཞིང་། ལྷ་དབང་ཕྱུག་ཆེན་པོ་ནི་ཀུན་མཁྱེན་ཡིན་པ་དང་། སྣོད་བཅུད་ཐམས་ཅད་ལྷ་དབང་ཕྱུག་ཆེན་པོས་བློའི་གཡོ་བ་སྔོན་དུ་བཏང་ནས་བྱས་པ་དང་། རླུང་བུམ་པ་ཅན་གྱི་རླུང་སྦྱོར་དང་། བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བབདེ་ལ་བརྟེན་ནས་འཁྲིག་བདེའི་ཡེ་ཤེས་སྐྱེས་པ་ནི་ཐར་པ་ཡིན་ཟེར། མུ་སྟེགས་པ་དེ་གཉིས་ཀྱི་སྟ་བའི་འདོད་ཚུལ་རྒྱས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་《དབུ་མ་རྟོག་གེ་འབར་བ》དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི《དབུ་མ་འཇུག་པ》རྩ་འགྲེལ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི 《ཚད་མ་རྣམ་འགྲེལ》སོགས་ཚད་མའི་གཞུང་དང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི《གྲུབ་མཐའ་ཆེན་མོ》 ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི《གྲུབ་མཐའི་རྣམ་བཤད》བཅས་སུ་གསལ།

language:
Tibetan

2. Thupten Phuntsok Dictionary

འདི་རྒྱ་གར་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་བཅུ་གཉིས་ཡོད་པའི་ནང་ཚན་དཔྱོད་པ་བའམ་རིག་པ་ཅན་གཉིས་གང་རུང་ཞིག་ལ་ཟེར་བ་འདྲ་སྟེ། མུ་སྟེགས་དཔྱོད་པ་བ་ནི་དྲང་སྲོང་རྒྱལ་དཔོག་པའི་རྗེས་སུ་འབྲངས་པས་ན་རྒྱལ་དཔོག་པའང་ཟེར། དེས་བདག་གི་ངོ་བོ་སེམས་པ་ཅན་དང་། བེམ་པོ་མ་ཡིན་པ། ཤེས་རིག་གི་རང་བཞིན། རྟག་པའི་ངོ་བོ། གཞན་དང་མ་འབྲེལ་བའི་ཡན་གར་བ། ཆ་ཤས་མེད་པ་ཞིག་བཅས་ཡིན་པ་དང་། གནས་སྐབས་ངན་སོང་གི་སྡུག་བསྔལ་ཙམ་ལས་གྲོལ་བའི་ཐར་བ་ཡོད་ཀྱང་། དྲི་མ་ནི་སེམས་ཀྱི་རང་བཞིན་ལ་ཞུགས་པ་ཡིན་པས་སྡུག་བསྔལ་ལས་གཏན་དུ་ཐར་བའི་ཐར་པ་ནི་མེད་ལ་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་ཡོད་པས་ཐམས་ཅད་མཁྱེན་པ་ཡང་མེད་ཅིང་། བདེན་དོན་ཡིན་པའི་ངག་ཀྱང་མེད་པ་དང་། ཚད་མ་དྲུག་དང་བཅུ་གཅིག་ཏུ་འདོད་པའི་ལུགས་གཉིས་ཡོད། རིག་པ་ཅན་པ་ནི། དྲང་སྲོང་རྐང་མིག་གི་རྗེས་སུ་འབྲངས་པས་ན་རྐང་མིག་པ་ཡང་ཟེར་ཞིང་། ལྷ་དབང་ཕྱུག་ཆེན་པོ་ནི་ཀུན་མཁྱེན་ཡིན་པ་དང་། སྣོད་བཅུད་ཐམས་ཅད་ལྷ་དབང་ཕྱུག་ཆེན་པོས་བློའི་གཡོ་བ། སྔོན་དུ་བཏང་ནས་བྱས་པ་དང་། རླུང་བུམ་པ་ཅན་གྱི་རླུང་སྦྱོར་དང་། བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བདེ་བ་ལ་བརྟེན་ནས་འཁྲིག་བདེའི་ཡེ་ཤེས་སྐྱེས་པ་ནི་ཐར་པ་ཡིན་ཟེར། མུ་སྟེགས་པ་དེ་གཉིས་ཀྱི་ལྟ་བའི་འདོད་ཚུལ་རྒྱས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའིདབུ་མ་རྟོག་གེ་འབར་བ》དང་། སློབ་དཔོན་ཟླ་བ་གྲགས་པ་མཛད་པའིདབུ་མ་འཇུག་པ》རྩ་འགྲེལ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའིཚད་མ་རྣམ་འགྲེལ》སོགས་སུ་གསལ།

language:
Tibetan