- lta ba bka' btags kyi phyag rgya bzhi
- ID:
- T231927
- ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི (Tibetan, Tibetan script, Original)
- > lta ba bka' btags kyi phyag rgya bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > tawa ka tak kyi chakgya shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་སོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་བཞེས་པིའ་བར་དམ་པའི་ཆོས་མཐའ་ཡས་ཤིག་གསུངས་པ་ལས་གསུང་གི་ཐ་མ་ནི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པོ་དེ་ཡིན། དེ་ཡང་བཅོམ་ལྡན་འདས་གྲོང་ཁྱེར་ཆིན་པོ་རྩྭ་མཆོག་ཏུ་གཤེགས་ཏེ་དགུང་ལོ་བརྒྱད་ཅུ་སོང་ནས་གྱ་གཅིག་གི་ཐོག་ཏུ་ཕེབས་པ་ལྕགས་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སཱ་ལའི་ཚལ་གྱི་དབུས་ཐ་མལ་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས། མགར་བའི་བུ་ཙུན་ད་ཞེས་པས་བསོད་སྙོམས་ཕུལ་བ་བཞེས། ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། སྲས་སྒྲ་གཅན་འཛིན་དང་ཀུན་དགའ་བོ་གཉིས་དགེ་འདུན་ལ་གཏད། སྐུ་སྟོད་གཡོགས་བསལ་ནས་དགེ་སློང་རྣམས་ལ་བསྟན། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་བལྟ་བ་ནི་རྙེད་པར་དཀའ་སྟེ་མེད་ཏོག་ཨུ་དུམྦཱ་ར་བཞིན་ནོ། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས། བསླབ་པ་གསུམ་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག ༡.འདུས་བྱས་ཐམས་ཅད་ནི་མི་རྟགཔ་ཡིན། ༢.ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། ༣.ཆོས་ཐམས་བཅད་སྟོང་ཞིང་བདག་མེད་པ། ༤.མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་ཏེ་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་དང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་ཆོས་ཀྱི་དབྱིངས་སུ་སྐུ་མྱང་ངན་ལས་འདས་སོ། དེ་ལྟ་བསྟན་པ་སྤྱིའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པོ་དེ་ཁས་ལེན་ན་ནང་པ་སངས་རྒྱས་ཡིན་པ་དང་། དེ་བཞི་པོ་མཁས་མ་ལེན་ན་ནང་པ་སང་སརྒྱས་པའི་གྲལ་ནས་བུད་འགྲོ་བ་ཡིན་པས་སངས་རྒྱས་ཀྱི་བཀའ་ལས་འགལ་མི་ཆོག་པའི་རྩ་བའི་རྩ་དོན་བཞི་ཟེར་བའི་གོ་དོན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་བཅས་བཞིའོ།།
- language:
- Tibetan