Skip to main content Skip to search
ltag chod nyi shu rtsa bzhi
ID:
T231940
  • ལྟག་ཆོད་ཉི་ཤུ་རྩ་བཞི (Tibetan, Tibetan script, Original)
    • > ltag chod nyi shu rtsa bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak chö nyishu tsa shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མུ་སྟེགས་པས་འདོད་པའི་སྐྱོན་ལྟར་སྣང་བརྗོད་པ་གྲངས་ཉི་ཤུ་རྩ་བཞི་ཕྱོགས་ཀྱི་གླང་པོ་ཚད་མ་ཀུན་བཏུས་ལས་བཅུ་བཞི་གསུངས་པ། ༡ཕྲད་དང་མ་ཕྲད་༢གཏན་ཚིགས་དང་། ༣ རྟག་དང་༤མ་སྨྲས་༥མ་སྐྱེས་དང་། ༦།འབྲས་བུ་༧ཆོས་མཐུན་༨མི་མཐུན་དང་། ༩ རྣམ་རྟོག་༡༠ཁྱད་མེད་༡༡དམིགས་པ་དང་། ༡༢ ཐེ་ཚོམ་༡༣དོན་གོ་༡༤ཐལ་འགྱུར་བཅས་བཅུ་བཞི་དང་། རིགས་བརྟག་ལས་བཅུ་སྟེ། ༡འཕེལ་༢འགྲིབ་༣བརྗོད་དང་༤མ་བརྗོད་དང་། ༥ རིགས་པ་དང་ནི་༦སོ་སོའིདཔེ། ༧ སྒྲུབ་བྱ་༨མི་རྟག་༩རབ་བྱེད་དང་། ༡༠ དུས་འདས་མཚུངས་པའི་ལྟག་ཆོད་བཅས་ཉེར་བཞིའོ། །

language:
Tibetan