- ltar snang lnga phrugs
- ID:
- T231946
- ལྟར་སྣང་ལྔ་ཕྲུགས (Tibetan, Tibetan script, Original)
- > ltar snang lnga phrugs (Tibetan, Latin script, Transliteration-THL Extended Wylie Transliteration)
- > tarnang nga truk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་པས་རྟགས་ལྟར་སྣང་གི་ཕྱོགས་སུ་མི་ཤོར་བའི་ཕྱིར་དུ་ནད་ཀྱི་རྟགས་དང་། བཅོས་ཐབས། གོམས་པ། བཅོས་སྐྱེད། དྲི་ཆུ་བཅས་ལྔ་ཀ་གཅིག་ཏུ་མཚུངས་མིན་ཕན་ཚུན་བསྡུར་ནས་ནད་ངོས་འཛིན་གསལ་པོར་བྱེད་ཐུབ་པའི་བརྟག་ཐབས་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། ནད་གཞི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ། རྟགས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཀྱིས་བསལ། བཅོས་ཀྱི་ལྟར་སྣང་འཁྲུལ་སོ་གོམས་པས་བསལ། གོམས་པའི་ལྟར་སྣང་འཁྲུལ་སོ་སྐྱེད་ཀྱིས་བསལ། བཅོས་སྐྱེས་ལྟར་སྣང་འཁྲུལ་སོ་ཆུ་ཡིས་བསལ། ཆུ་མདོག་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ། དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད། དེ་དག་ལྟར་སྣང་ལྔ་ཕྲུགས་ཞེས་བྱ་སྟེ། འཁྲུལ་མེད་ཚ་གྲང་གནད་ཀྱི་གལ་མདོ་ཡིན། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan