- ltar snang 'phral gyi nad
- ID:
- T231947
- ལྟར་སྣང་འཕྲལ་གྱི་ནད (Tibetan, Tibetan script, Original)
- > ltar snang 'phral gyi nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tarnang tral gyi né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྨན་བཅོས་མ་བྱས་ཀྱང་རང་བཞིན་གྱིས་ཞི་བར་འགྱུར་བའི་གློ་བུར་འཕྲལ་གྱི་ནད་ཆུང་ངུའི་མིང་སྟེ། ཕྱི་མ་འཕྲིན་ལས་རྒྱུད་ལས། བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། མ་བཅོས་རང་གར་བཞག་པས་འཚོ་བ་ཡོད། འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེར། དཔེར་ན་འགྱེལ་བུབ་ལག་ནས་འཐེན་པ་འདྲ། དང་པོ་མངོན་ཚུལ་ཆེ་བར་བྱུང་གྱུར་ཀྱང་། མ་བཅོས་རང་གར་ལམ་ནས་ཟློག་པ་ཡོད། དཔེར་ན་མཁའ་ལ་སྤྲིན་འཐིབས་ཆར་འབབ་པ། གློ་བུར་སངས་ནས་ཐན་པར་འགྱུར་བ་འདྲ། ཞེས་དང་། འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། ལྟར་སྣང་འཕྲལ་གྱི་ནད་ནི། ལུས་ལ་སྐབས་རེ་ན་བ་ལྟར་སྣང་ཡང་དེར་སྨན་བཅོས་མ་བྱས་པར་རང་བཞིན་གྱིས་ཞི་བར་འགྱུར་བའི་སོ་ནད་དང་ཆང་ནད། མིག་ཁ་བས་ཕྱིད་པ་ལྟ་བུ་གློ་བུར་འཕྲལ་གྱི་ནད་ཆུང་ངུ་རྣམས་ཀྱི་སྤྱི་མིང་ངོ་། །ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས། ལྟར་སྣང་འཕྲལ་ནད་ནི། རང་རྒྱུ་འཆི་བར་མ་ངེས་པའི་ལས། འཕྲལ་རྐྱེན་གཉིས་སྟོབས་ཆུང་ངུ་ལས་འབྱུང་ཞིང་རང་ཉིད་གསོ་བ་གསོ་དཔྱད་ལ་བལྟོས་མི་དགོས་པའི་ནད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan