Skip to main content Skip to search
ltung byed nyes byas
ID:
T231954
  • ལྟུང་བྱེད་ཉེས་བྱས (Tibetan, Tibetan script, Original)
    • > ltung byed nyes byas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tung jé nyejé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཕམ་པ། ལྷག་མ། སྤང་ལྟུང་། ལྟུང་བྱེད། ཉེས་བྱས་བཅས་པ་ལྟུང་བ་སྡེ་ལྔར་འཇོག་པའི་ཕྱི་མ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན། ལྟུང་བྱེད་ལ་དགུ་བཅུ་ཡོད། མཚན་གཞི་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལྟ་བུ་ཡིན། དེ་ཡང་བཅས་ལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་གསུམ་འདས་པ་ན་ལྟུང་བ་དེ་འབྱུང་། ཉེས་བྱས་ལ་བརྒྱ་དང་བཅུ་གཉིས། མཚན་གཞི་ནི་འཆད་པ་པོས་འགྲེང་སྟེ་ཆོས་འཆད་པ་དང་། ཉལ་བ་ལ་ཆོས་བཤད་པ་དང་། ལྷམ་གྱོན་པ་སོགས་ལ་ཆོས་བཤད་པ་ནི་ཉེས་བྱས་སོ།

language:
Tibetan

2. Thupten Phuntsok Dictionary

ཕམ་པ། ལྷག་མ། སྤང་ལྟུང་། ལྟུང་བྱེད། ཉེས་བྱེད་བཅས་ལ་ལྟུང་བ་སྡེ་ལྔར་འཇོག་པའི་ཕྱི་མ་གཉིས་ཡིན། ལྟུང་བྱེད་དང་ལྟུང་བྱེད་འབའ་ཞིག་པ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན། ལྟུང་བྱེད་ལ་དགུ་ཅུ་ཡོད། མཚན་གཞི་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལྟ་བུ་ཡིན། དེ་ཡང་བཅས་ལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་གསུམ་འདས་པ་ན་ལྟུང་བ་དེ་འབྱུང་། ཉེས་བྱས་ལ་བརྒྱ་དང་བཅུ་གཉིས། མཚན་གཞི་ནི་འཆད་པ་པོས་འགྲེང་སྟེ་ཆོས་འཆད་པ་དང་། ཉལ་བ་ལ་ཆོས་བཤད་པ་དང་། ལྷམ་གྱོན་པ་སོགས་ལ་ཆོས་བཤད་པ་ནི་ཉེས་བྱས་སོ། །

language:
Tibetan