- stag sgra klung khong
- ID:
- T231996
- སྟག་སྒྲ་ཀླུང་ཁོང (Tibetan, Tibetan script, Original)
- > stag sgra klung khong (Tibetan, Latin script, Transliteration-THL Extended Wylie Transliteration)
- > tak dra lung khong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ། འདི་ཉིད་ཀྱིས་བློན་པོ་འབལ་སྐྱེས་བཟང་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཙན་པོ་ཡབ་ཁྲི་ལྡེ་གཙུག་བརྟན་ལྐོག་ཏུ་བཀྲོངས་རྗེས་སྲིད་འགྱུར་སློང་རྩིས་བྱས་པ་རྟོགས་ནས་བཙན་པོའི་སྙན་དུ་གསོལ་བས་ལང་འབལ་སོགས་ལག་དམར་བ་རྣམས་ཚར་བཅད་དེ་བཙན་པོའི་ཆབ་སྲིད་སྲ་བརྟན་དུ་གཏོང་ཐུབ་པ་བྱུང་། དེ་ནས་སྟག་སྒྲ་ཀླུ་ཁོང་དང་ཞང་རྒྱལ་གཟིགས། ཞང་སྟོན་རྩན་ལ་སོགས་པས་རྒྱལ་པོའི་བཀའ་བཞིན་བོད་དམག་འབུམ་ཕྲག་ཙམ་ཁྲིད་དེ་རྒྱའི་རྒྱལ་ས་ཁྲང་ཨན་ལ་ཕར་རྒོལ་བྱས་ནས་བོད་དམག་གིས་ཁྲང་ཨན་ཉིན་བཅོ་ལྔ་བཟུང་བ་སོགས་ཆབ་སྲིད་དང་དམག་དོན་ཐད་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། རྒྱལ་པོས་བློན་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་མཛད་ཕྱིར་ཞོལ་ལྕགས་རི་ཕྱི་མའི (ལྷ་སའི་པོ་ཏ་ལའི་མདུན) རྡོ་རིང་དེ་བཙུགས་ཤིང་། དེའི་སྟེང་བློན་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་དང་། སླད་ཀླུ་ཁོང་གི་བུ་ཚ་རྣམས་བཙན་པོ་ལ་བློ་མ་ལོག་ན་ཚེ་ཚེ་རབས་རབས་བཙན་པོའི་ཞབས་འབྲིང་བྱེད་ཆོག་པའི་མནའ་ཡིས་རྩ་གནད་བཀོད་ཡོད། གཞན་ཡང་ལོ་རྒྱུས་ཡིག་ཚང་ནང་བློན་སྟག་ར་ཀླུ་གོང་ཞེས་པ་ཞིག་ཀྱང་འདུག་པ་དེ་ནི་ཁྲི་སྲོང་གི་བློན་པོ་ཡིན་རུང་འདི་ཆོས་ལ་གནག་པས་མཐར་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་པ་དེ་ཡིན་པས་ལས་སྟག་སྒྲ་ཀླུ་ཁོང་མ་ཡིན་ནོ། །
- language:
- Tibetan