Skip to main content Skip to search
stag phu gu shrI dpal ldan don grub
ID:
T232004
  • སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་གྲུབ (Tibetan, Tibetan script, Original)
    • > stag phu gu shrI dpal ldan don grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak pu gu shri palden döndrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་སློབ་འདི་ཉིད་རབ་བྱུང་དྲུག་པའི་ཆུ་ཁྱི(༡༣༨༢) ལོར་གཡེའི་གོང་པོར་སྐྱོ་རིགས་སུ་བལྟམས། སྟག་ཕུ་དཔལ་ལྡན་རིན་ཆེན་པའི་དྲུང་དུ་རབ་བྱུང་བསྒྲུབས། ཆོས་སློབ་ཀྱི་དབུ་ཚུགས། དེ་ནས་གཉལ་རྒོད་རིམ་བསམ། བྱང་སེམས་རྭ་སྒྲེང་བ། འཇམ་དཀར་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་ལ་མཁས་པར་གྱུར། རྒྱལ་དབང་ཙོང་ཁ་པའི་དྲུང་དུ་བསྙེན་པར་རྫོགས། བྱང་ཆུབ་ལམ་གྱི་རིམ་པ་ལ་སོགས་པ་དམ་པའི་ཆོས་ཀྱི་བདུད་རྩི་དཔག་མེད་ཐོབ། དགུང་ལོ་ཉེར་གསུམ་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་སྤྲེལ(༡༤༠༤)ལོར་སྟག་ཕུའི་གདན་སར་ཕེབས། གུ་ཤྲཱི་ཆེན་པོ་ཞེས་སྙན་པའི་གྲགས་པ་རྒྱས། ཉང་པོ། བླ་རུ་ལ་སོགས་པ་བསྐྱངས་ཏེ་ལུགས་ཟུང་གི་མཛད་པ་གོང་དུ་འཕེལ། བྱང་ལྷ་རི་འགོ་བདེ་ཆེན་གླིང་བཏབ། རྒྱལ་དབང་ཙོང་ཁ་པའི་ཞལ་སློབ་ཀྱི་ནང་ནས་ཁྲི་སྟེང་མཛེས་པའི་བླ་ཆེན་བཞིའི་ཡ་གྱལ་དུ་གྲགས། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་ཁྱི(༡༤༦༦)ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སློབ་མ་འདི་ཉིད་རབ་བྱུང་དྲུག་པའི་ཆུ་ཁྱི (༡༣༨༢) ལོར་གཡེའི་གོང་པོར་སྐྱོ་རིགས་སུ་བལྟམས། སྟག་ཕུ་དཔལ་ལྡན་རིན་ཆེན་པའི་དྲུང་དུ་རབ་བྱུང་བསྒྲུབས། ཆོས་སློབ་ཀྱི་དབུ་ཚུགས། དེ་ནས་གཉལ་རྒོད་རིམ་བསམ། བྱང་སེམས་རྭ་སྒྲེང་བ། འཇམ་དཀར། རྒྱལ་ཚབ་དར་མ་རིན་ཆེན་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་ལ་མཁས་པར་གྱུར། རྒྱལ་དབང་ཙོང་ཁ་པའི་དྲུང་དུ་བསྙེན་པར་རྫོགས། བྱང་ཆུབ་ལམ་རིམ་གསན། དགུང་ལོ་ཉེར་གསུམ་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་སྤྲེལ (༡༤༠༤) ལོར་སྟག་ཕུའི་གདན་སར་ཕེབས། གུ་ཤྲཱི་ཆེན་པོ་ཞེས་སྙན་པའི་འགོ་བདེ་ཆེན་གླིང་བཏབ། རྒྱལ་དབང་ཙོང་ཁ་པའི་ཞལ་སློབ་ཀྱི་ནང་ནས་ཁྲི་སྟེང་མཛེས་པའི་བླ་ཆེན་བཞིའི་ཡ་གྱལ་དུ་གྲགས། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་ཁྱི (༡༤༦༦) ལོར་སྐུ་གཤེགས།

language:
Tibetan