- stag phu 'jam dpal bstan pa'i dngos grub
- ID:
- T232005
- སྟག་ཕུ་འཇམ་དཔལ་བསྟན་པའི་དངོས་གྲུབ (Tibetan, Tibetan script, Original)
- > stag phu 'jam dpal bstan pa'i dngos grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > tak pu jampal tenpé ngödrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚན་གཞན་པད་མ་བཛྲ་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱི(༡༨༧༦)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་འབྲས་སྤུངས་སུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་གནང་། དགུང་ལོ་བཅུ་དགུ་ལ་ནགས་ཤོད་གདན་སར་ཕྱིར་ཕེབས། དགུང་ལོ་སུམ་ཅུ་ལ་དབུས་ཁུལ་དུ་གནས་མཇལ་ལ་བྱོན། དགུང་ལོ་སོ་དགུ་ལོར་སླར་ཡང་དབུས་རི་བོར་བསྐོར་བ་ལ་ཕེབས་ནས་མྱང་ཕུག་གུ་རུའི་གྲུབ་ཕུག་ལ་བཅད་རྒྱར་བཞུགས་སྐབས་ཚེས་ཉེར་ལྔ་ཉིན་མཁའ་འགྲོའི་བརྡ་ཡིག་གི་ཆར་ལན་གསུམ་བབས་ཏེ། གུ་རུ་ཡབ་ཡུམ་དང་རྗེ་འབངས་ཉེར་ལྔའི་ཞལ་གཟིགས་བྱུང་ཞེས་འཁོད་པ་དང་དེ་རྗེས་ཕ་བོང་པ་བྱམས་པ་བསྟན་འཛིན་མཆོག་ལ་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་དབང་ལུང་སོགས་གནང་། དགུང་ལོ་ཞེ་གསུམ་སྐབས་གསང་རྫོང་ཨེ་ཝམ་ལྕོག་ཏུ་ཕེབས་སྐབས་བཤད་སྒྲ་སྲིད་བློན་དང་མཇལ། དགུང་ལོ་ཞེ་དྲུག་ལོར་གསང་སྔགས་དཔལ་གྱི་སྒྲུབ་སྡེ་གསར་བཞེངས་མཛད། བཀའ་རྩོམ་ཡང《གར་གྱི་དབང་ཕྱུག་པའི་དབང་ཕྱུག་པིའ་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོར》ཞེས་པ་དང་།《དཔལ་སྟག་ཕུའི་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་སྨིན་བྱེད་དབང་ཆོག་ཆུ་འབབས་སུ་བཀོད་པ་དོན་གཉིས་འབྲས་བུས་བརྗིད་པའི་ཡོངས་འདུའི་དབང་པོ》 ཞེས་བྱ་བ། 《མཆོག་དམན་འགྲོན་ལ་བསང་དང་གསེར་སྐྱེབས་འབུལ་ཚུལ་དང་། འཕྲིན་བཅོལ། སྙན་དར་སྨོན་ཚིག》སོགས་ཕྱོགས་གཅིག་ཏུ་བསྡེབས་པ་པོད་ཆུང་གཉིས་ཙམ་མཛད། དགུང་ལོ་ཞེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི(༡༩༢༢)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
མཚན་གཞན་པདྨ་བཛྲ་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱི (༡༨༧༦) ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་འབྲས་སྤུངས་སུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་གནང་། དགུང་ལོ་བཅུ་དགུ་ལ་ནགས་ཤོད་གདན་ས་ཕྱིར་ཕེབས། དགུང་ལོ་སུམ་ཅུ་ལ་དབུས་ཁུལ་དུ་གནས་མཇལ་ལ་བྱོན། དགུང་ལོ་སོ་དགུ་ལོར་སླར་ཡང་དབུས་རི་བོར་བསྐོར་བ་ལ་ཕེབས་ནས་མྱང་ཕུག་གུ་རུའི་སྒྲུབ་ཕུག་ལ་བཅས་རྒྱར་བཞུགས་སྐབས་ཚེས་ཉེར་ལྔ་ཉིན་མཁའ་འགྲོའི་བརྡ་ཡིག་གི་ཆར་ལན་གསུམ་བབས་ཏེ། བཀའ་རྩོམ་ཡངགར་གྱི་དབང་ཕྱུག་པའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོར》ཞེས་པ་དང་།དཔལ་སྟག་ཕུའི་གསང་ཆོས་རྒྱལ་ཅན་བཅུ་གསུམ་གྱི་སྨིན་བྱེད་དབང་ཆོག་ཆུ་འབབས་སུ་བཀོད་པ་དོན་གཉིས་འབྲས་བུས་བརྗིད་པའི་ཡོངས་འདུའི་དབང་པོ》ཞེས་བྱ་བ། མཆོག་དམན་མགྲོན་ལ་བསང་དང་གསེར་སྐྱེམས་འབུལ་ཚུལ་དང་། འཕྲིན་བཅོལ། སྙན་དར་སྨོན་ཚིག》སོགས་ཕྱོགས་གཅིག་ཏུ་བསྡེབས་པ་པོད་ཆུང་གཉིས་ཙམ་མཛད། དགུང་ལོ་ཞེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི (༡༩༢༢) ལོར་སྐུ་གཤེགས།
- language:
- Tibetan