- stag phu sprul sku blo bzang chos kyi dbang phyug gam gar gyi dbang po
- ID:
- T232006
- སྟག་ཕུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་གྱི་དབང་པོ (Tibetan, Tibetan script, Original)
- > stag phu sprul sku blo bzang chos kyi dbang phyug gam gar gyi dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > tak pu tulku lo zang chö kyi wangchuk gam gar gyi wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡུལ་ཉང་ལོང་ཀོང་གསུམ་དུ་གྲགས་པའི་བྱེ་བྲག་ཉང་པོའི་གྱིང་ཕུ་གཡུ་ལུང་ཞེས་པར་ཡབ་ཕུན་ཚོགས་བསྟན་འཛིན་དང་། ཡུམ་བདེ་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ(༡༧༦༥)ལོར་འཁྲུངས། དགུང་ལོ་ལྔ་ལ་པན་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་མཛད་ནས་མཚན་བློ་བཟང་ཆོས་ཀྱི་དབང་ཕྱུག་ཅེས་གསོལ་ཏེ་ཁྲི་འདོན་མཛད། དགུང་ལོ་བདུན་པར་བཀའ་བཅུ་བློ་བཟང་ཐབས་མཁས་སློབ་དཔོན་དུ་བསྟེན་ནས་ཀློག་བསླབས། དགུང་ལོ་བཅུ་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་བློ་བཟང་བསྟན་འཛིན་དབང་ཕྱུག་ཅེས་གསོལ། ལོ་དེར་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མེས་པོ་ཀུན་དགའ་བསྟན་འཛིན་ཞེས་པ་ལས་དཀར་ནག་རྩིས་དང་གསོ་རིག་སྨན་དཔྱད་ལ་ཡང་ཐུགས་གཉེར་མཛད། དེ་ནས་དཀའ་བཅུ་བསྟན་འཛིན་ཤེས་རབ་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ་སོགས་སྦྱངས་པ་མཛད། དགུང་ལོ་བཅུ་བདུན་སྐབས་དགའ་ལྡན་བརྒྱུད་དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ཏེ་མཁན་པོ་མུ་ལི་བློ་བཟང་སྦྱིན་པ་དང་ཏྲེ་ཧོར་བློ་བཟང་བསམ་གཏན་རྣམ་གཉིས་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་དགུ་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་གི་སྐུ་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེ་དྲུང་བློ་བཟང་རབ་རྒྱས་ལས་ལཉྩ་དང་ཝརྟུ་སོགས་ཀྱི་ཡིག་སྣ་སྦྱངས་བརྩོན་མཛད། སྐུ་ཚེ་རིང་པོ་མ་བཞུགས་རུང་བློ་གྲོས་ཀྱི་མཁྱེན་གཏེར་ཡངས་པས་གསུང་རྩོམ་དུ་མ་མཛད་ཡོད་པ་སྟེ། 《དབེན་གནས་བྷོ་ངྷི་དི་པའི་གནས་ཀྱི་ཡོན་ཏན་བརྗོད་པའི་གཏམ》 《མདགའ་ལྡན་ཕྱག་རྒྱ་ཆེན་པོའི་མན་ངག་ལས་བརྩམས་པའི་དྲིས་ལན་ཟབ་དོན》《བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་བཅོལ་གཉེར་གཏད་མངའ་གསོལ་རྟེན་འཛུགས《རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒོ་ནས་གཤིན་པོ་རྗེ་སུ་འཛིན་པའི་ཆོག》 《ཀུན་རིག་རྣ་པར་སྣང་མཛད་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ》 《དཔྱོད་ལྡན་མགུ་བ་བསྐྱེད་པའི་འཕྲིན་ཡིག་གི་རིམ་པ》《དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་བྱིན་རླབས་དང་རྗེས་གནང་གི་རིམ་པའི་ཆོས་བསྒྲིགས་བཀླག་ཆོག་ཏུ་བཀོད་པ་རྒྱུད་ལྡན་དྲང་སྲོང་བླ་མའི་ཞལ་ཆབ་འཁྲུལ་པའི་རྙོག་པ་བྲལ་བའི་གངྒཱའི་ཆུ་རྒྱུན》སོགས་པོད་བརྒྱད་ཙམ་བཞུགས། དགུང་ལོ་ཉེར་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི(༡༧༩༢)ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཡུལ་ཉང་ལོང་ཀོང་གསུམ་དུ་གྲགས་པའི་བྱེ་བྲག་ཉང་པོའི་གྱིང་ཕུ་གཡུ་ལུང་ཞེས་པར་ཡབ་ཕུན་ཚོགས་བསྟན་འཛིན་དང་། ཡུམ་བདེ་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ (༡༧༦༥) ལོར་འཁྲུངས། དགུང་ལོ་ལྔ་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་མཛད་ནས་མཚན་བློ་བཟང་ཆོས་ཀྱི་དབང་ཕྱུག་ཅེས་གསོལ་ཏེ་ཁྲི་འདོན་མཛད། དགུང་ལོ་བདུན་པར་བཀའ་བཅུ་བློ་བཟང་ཐབས་མཁས་སློབ་དཔོན་དུ་བསྟེན་ནས་ཀློག་བསླབས། དགུང་ལོ་བཅུ་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་བློ་བཟང་བསྟན་འཛིན་དབང་ཕྱུག་ཅེས་གསོལ།དབེན་གནས་བྷོ་དྷི་དི་པའི་གནས་ཀྱི་ཡོན་ཏན་བརྗོད་པའི་གཏམ》དགའ་ལྡན་ཕྱག་རྒྱ་ཆེན་པོའི་མན་ངག་ལས་བརྩམས་པའི་དྲིས་ལན་ཟབ་དོན》བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་བཅོལ་གཉེར་གཏད་མངའ་གསོལ་རྟེན་འཛུགས》རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག》 ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ》དཔྱོད་ལྡན་མགུ་མ་བསྐྱེད་པའི་འཕྲིན་ཡིག་གི་རིམ་པ》དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་བྱིན་རླབས་དང་རྗེས་གནང་གི་རིམ་པའི་ཆོས་བསྒྲིགས་བཀླག་ཆོག་ཏུ་བཀོད་པ་རྒྱུན་ལྡན་དྲང་སྲོང་བླ་མའི་ཞལ་ཆབ་འཁྲུལ་པའི་རྙོག་པ་བྲལ་བའི་གདྒའི་ཆུ་རྒྱུན》སོགས་པོད་བརྒྱད་ཙམ་བཞུགས། དགུང་ལོ་ཉེར་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི (༡༧༩༢) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan