- stag phu'i nyi thig
- ID:
- T232008
- སྟག་ཕུའི་ཉི་ཐིག (Tibetan, Tibetan script, Original)
- > stag phu'i nyi thig (Tibetan, Latin script, Transliteration-THL Extended Wylie Transliteration)
- > tak pü nyi tik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བསླབ་སྟོན་ཁུལ་དུ་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་བྱུང་པའི་སྟག་ཕུའི་ཉི་ཐིག་ཟེར་བ་ཚད་འཛིན་ས་ཞིག་བྱས་ནས་སྨན་རྩིས་ཁང་གི་ལོ་ལོ་ཐོའི་ཐོག་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཟིན་པས་འདེབས་ཆུ་གཏོར་རན་ཞེས་འཁོད་པ་ལྟར་འདེབས་ཆུ་དང་། ཞིང་པ་སྔ་འདེབས།བར་འདེབས། ཕྱི་འདེབས་བཅས་ཉི་ཐིག་ཟིན་མིན་ལ་བལྟས་ནས་འདེབས་སྲོལ་ཡོད་ཅིང་ཉི་ཐིག་བལྟ་ས་ནི་སྟག་ཕུ་དགོན་པའི(བོད་ལྗོངས་མལ་གྲོ་གུང་དཀར་རྫོང་སྦྲང་མདའ་ཤང་ཁོངས)སྤྱི་ཁང་གི་མདུན་ངོས་རྡོ་ཕ་བོང་ཞིག་གི་ངོས་སུ་དཀར་ཁུང་ཞིག་ཡོད་པ་དེ་ཡིན་པས་ད་ལྡའང་མང་ཚོགས་ནས་བདག་གཉེར་དང་སྔར་བཞིན་བེད་སྤྱོད་བྱེད་མུས་ཡིན་ལ་དེ་བཞིན་སྟག་ཕུ་དགོན་པའི་རི་ལྡེབས་སུ་ཁ་བྱང་ལྟར་གནས་ཡོད་པའི་འཁྱགས་པ་སྟག་ཟེར་པའི་འཁྱགས་པ་སྟག་གི་གཟུགས་བརྙན་ལྟ་བུ་ཞིག་གནའ་རབས་ནས་ཡོད་པ་དེ་ལ་མང་ཚོགས་ཚང་མས་ནམ་མཇུག་རིང་ཐུང་དང་སད་སྐྱོན་ཡོད་མེད་སོགས་འཁྱགས་པ་སྟག་གི་གཟུགས་དབྱིབས་དང་མཇུག་མ་རིང་ཐུང་གི་འགྲུར་ལྡོག་ལ་ལྟ་སྲོལ་ཡོ།
- language:
- Tibetan
2. Thupten Phuntsok Dictionary
བསླབ་སྟོན་ཁུལ་དུ་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་བྱུང་བའི་སྟག་ཕུའི་ཉི་ཐིག་ཟེར་བ་ཚད་འཛིན་ས་ཞིག་བྱས་ནས་སྨན་རྩིས་ཁང་གི་ལོ་ཐོའི་ཟེར་བ་ཐོག་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཟིན་པས་འདེབས་ཆུ་གཏོང་རན་ཞེས་འཁོད་པ་ལྟར་འདེབས་ཆུ་དང་། ཞིང་ཁ་སྔ་འདེབས། བར་འདེབས། ཕྱི་འདེབས་བཅས་ཉི་ཐིག་ཟིན་མིན་ལ་བལྟས་ནས་འདེབས་སྲོལ་ཡོད་ཅིང་ཉི་ཐིག་ཟིན་མིན་བལྟ་ས་ནི་སྟག་ཕུ་དགོན་པའི (བོད་ལྗོངས་མལ་གྲོ་གུང་དཀར་རྫོང་སྦྲང་མདའ་ཤང་ཁོངས) སྤྱི་ཁང་གི་མདུན་ངོས་རྡོ་ཕ་བོང་ཞིག་གི་ངོས་སུ་དཀར་ཁུང་ཞིག་ཡོད་པ་དེ་ཡིན་པས་ད་ལྟའང་མང་ཚོགས་ནས་བདག་གཉེར་དང་སྔར་བཞིན་བེད་སྤྱོད་བྱེད་མུས་ཡིན་ལ་དེ་བཞིན་སྟག་ཕུ་དགོན་པའི་རི་ལྡེབས་སུ་ཁ་བྱང་ལྟར་གནས་ཡོད་པའི་འཁྱགས་པ་སྟག་ཟེར་རོ།
- language:
- Tibetan