Skip to main content Skip to search
stag brag ngag dbang gsung rab
ID:
T232009
  • སྟག་བྲག་ངག་དབང་གསུང་རབ (Tibetan, Tibetan script, Original)
    • > stag brag ngag dbang gsung rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak drak ngawang sung rab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟག་བྲག་ཁྲི་སྤྲུལ་གསུམ་པ་ངག་དབང་གསུར་རབ་མཐུ་སྟོབས་བསྟན་པའི་རྒྱ་མཚན་ནི་ལྷ་སའི་ནུབ་ངོས་ཤུན་གྲོང་ཆུང(སྟོདལུང་བདེ་ཆེན་རྫོང་གནས་ཆུང་གྲོལ་རྡལ་ཁོངས་གྲོང་ཆུང་གྲོང་ཚོ)གཞིས་ཀ་ཞེས་པར་ཡབ་པ་ཚར་བ་ནང་མ་གོ་ཥ(མཚན་དངོས་གང་ཡིན་མ་ཤེས)དང་ཡུམ་ཚེ་བརྟན་སྒྲོན་མ་གཉིས་ཀྱིས་གྲོང་ཆུང་གཞིས་ཀ་བོགས་མར་བཞེས་སྐབས་རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི(༡༨༧༤)ལོར་སྐུ་འཁྲུངས། སྟག་བྲག་སྤྲུལ་སྐུ་སྐུ་ཕྲེང་གསུམ་པར་ངོས་འཛིན་ཞུས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་འདོན་ཆོས་འཛིན་སྐྱོར་དང་། གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་བརྒལ་བརྟག་མཛད་ནས་དགུང་གྲངས་སུམ་ཅུའི་ཡས་མས་སུ་ལྷ་རམས་དམ་བཅའ་མཛད་ནས་སྐབས་དེར་ལྷ་རམས་པའི་དགེ་བཤེས་ཨང་དང་པོ་ཐོབ། སྒོ་མང་འབུལ་བསྡུས་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། ཕུར་ལྕོག་བྱམས་པ་རྒྱ་མཚོ་སོགས་མཁས་གྲུབ་དུ་མ་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་ཀྱི་གསུང་རབ་རྒྱ་མཚོ་ལྟ་བུར་གསན་སྦྱོང་དང་ཉམས་བཞེས་མཛད། རབ་བྱུང་བཅུ་དྲུག་པའི་མེ་ཡོས(༡༩༢༧)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་བཀའ་བཞིན་པོ་ཏ་ལའི་ཞོལ་པར་ཁང་དུ་བཀའ་འགྱུར་པར་ཤིང་གསར་བརྐོའི་ཞུ་དག་གི་ཐུགས་འགན་བཞེས། ལྕགས་རྟ(༡༩༣༠)ལོར་མཚན་ཞབས་གནང་། ཆུ་བྱ(༡༩༤༡)ལོར་རྒྱལ་ཚབ་རྭ་སྒྲེང་དགོངས་ཞུ་མཛད་ཚབ་ཆབ་སྲིད་སྐྱོང་ཐོག་ཡོངས་འཛིན་བགྲེས་པ་གནང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་རབ་བྱུང་སྡོམ་པ་དང་། མཚན་ཉིད། སྔགས་ཀྱི་སྐོར་རྣམས་འབུལ་གནང་མཛད། སྟག་བྲག་བསམ་གཏན་གླིང་རི་ཁྲོད་ཉམས་གསོ་དང་རྒྱ་སྐྱེད་ཐེངས་གསུམ་གནང་སྟེ་གྲྭ་གྲངས་བརྒྱ་དང་ཉེར་ལྔ་འཕར་བསྣོན་གནང་། ལྕགས་སྟག(༡༩༥༠)ལོར་སྲིད་སྐྱོང་ཟུར་ནས་སྟག་བྲག་བསམ་གཏན་གླིང་དུ་གཏན་བཞུགས་མཛད་མུར་ཆུ་འབྲུག(༡༩༤༢)ལོར་དགུང་གྲངས་བདུན་ཅུ་དོ་དགུ་བཞེས་པའི་ལོ་དེའི་བོད་ཟླ་༡༡ཚེས་༣༠ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

སྟག་བྲག་ཁྲི་སྤྲུལ་གསུམ་པ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ནི་ལྷ་སའི་ནུབ་ངོས་ཤུལ་གྲོང་ཆུང (སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་གྲོང་ཆུ་གྲོང་ཚོ) གཞིས་ཀ་ཞེས་པར་ཡབ་ཁ་ཚར་བ་ནང་མ་གོ་ཥ (མཚན་དངོས་གང་ཡིན་མ་ཤེས) དང་ཡུམ་ཚེ་བརྟན་སྒྲོལ་མ་གཉིས་ཀྱིས་གྲོང་ཆུང་གཞིས་ཀ་བོགས་མར་བཞེས་སྐབས་རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི (༡༨༧༤) ལོར་སྐུ་འཁྲུངས། སྟག་བྲག་སྤྲུལ་སྐུའི་སྐུ་ཕྲེང་གསུམ་པར་ངོས་འཛིན་ཞུས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་འདོན་ཆོས་འཛིན་སྐྱོར་དང་། གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་བརྒལ་བརྟག་མཛད་ནས་དགུང་གྲངས་སུམ་ཅུའི་ཡས་མས་ལྷ་རམས་པའི་དགེ་བཤེས་ཨང་དང་པོ་ཐོབ། ལྕགས་སྟག (༡༩༥༠) ལོ་སྲིད་སྐྱོང་ཟུར་ནས་སྟག་བྲག་བསམ་གཏན་གླིང་དུ་གཏན་བཞུགས་མཛད་མུར་ཆུ་འབྲུག (༡༩༥༢) ལོ་དགུང་གྲངས་བདུན་ཅུ་དོན་དགུ་བཞེས་པའི་ལོ་དེའི་བོད་ཟླ༡༡ཚེས༣༠ཉིན་སྐུ་གཤེགས།

language:
Tibetan