Skip to main content Skip to search
stag rtse mi dbang
ID:
T232012
  • སྟག་རྩེ་མི་དབང (Tibetan, Tibetan script, Original)
    • > stag rtse mi dbang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak tsé mi wang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་ཁྱི(༡༧༡༨)ལོ་ནས་ལྕགས་བྱི(༡༧༢༠)ལོའི་བར་བོད་ཀྱི་སྲིད་སྐྱོང་གནང་ཞིངམི་དབང་རྟོགས་བརྗོད་ནང་ཁོང་ནི་རང་བཞིན་བཟང་ལ་གྱ་གྱུ་མེད་པ། ཕྱོགས་རིས་ཆུང་བ། རང་གཤིས་བཟང་པོ་ཇི་བཞིན་གཞན་ལ་དེ་ལྟར་ཡིན་པར་བསམ་མཁན་ཞིག་ཡིན་ལ། དགུང་གྲངས་ཀྱང་མཐོ་བས་ཞབས་གོམ་འཁྱོར་བ་དང་གསུང་སྒྲོས་སྒྲ་མི་གསལ་བ་སོགས་བགྲེས་ཉམས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དེ་ཇུན་གར་བས་བོད་དུ་དབང་སྒྱུར་བྱས་རྗེས་དབང་མེད་སྲིད་སྐྱོང་གི་མིང་བཏགས། ཇུན་གར་བ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསེར་སྡོང་དང་། དབུས་གཙང་ཁུལ་གྱི་དགོན་སྡེ་གླིང་བཅུ་གསུམ་ཞེས་པ་རྣམས་བཤིག་པར་བརྩམས་པ་ན་སྟག་རྩེ་མི་དབང་གིས་ཐབས་ཤེས་ཀྱི་སྲུང་སྐྱོབ་གནང་བ་དང་། དགའ་ལྡན་སྒྲུབ་མཆོད་སླར་གསོའི་མཐུན་རྐྱེན་གནང་བ་སོགས་མཛད། ཇུན་གར་གྱི་དབང་བསྒྱུར་སྐབས་ལྷ་བཟང་ཁང་གི་སྲས་སུར་ཡ་བྲོས་འགྲོ་སྐབས་སྟག་རྩེའི་མི་སེར་རྣམས་ཇུན་གར་བར་འཇིགས་ནས་སུར་ཡ་བཟུང་སྟེ་ཇུན་གར་བར་རྩིས་སྤྲད་པ་དེ་རྗེས་སུ་ཇུན་གར་ཕམ་ནས་བྲོས་རྗེས་དོན་དེ་སྟག་རྩེ་མི་དབང་གིས་བྱས་པ་རེད་ཟེར་བའི་ཉེས་མིང་བྱུང་ནས་གོང་མའི་ཁྲིམས་ཉེས་ཕོག་སྟེ་བཀྲོངས།

language:
Tibetan

2. Thupten Phuntsok Dictionary

སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་ཁྱི (༡༧༡༨) ལོ་ནས་ལྕགས་བྱི (༡༧༢༠) ལོ་བར་བོད་ཀྱི་སྲིད་སྐྱོང་གནང་ཞིངམི་དབང་རྟོགས་བརྗོད》ནང་ཁོང་ནི་རང་བཞིན་བཟང་ལ་གྱ་གྱུར་མེད་པ། ཕྱོགས་རིས་ཆུང་བ། རང་གཤིས་བཟང་པོ་ཇི་བཞིན་གཞན་ལ་དེ་ལྟར་ཡིན་པར་བསམ་མཁན་ཞིག་ཡིན་ལ། དགུང་གྲངས་ཀྱང་མཐོ་བས་ཞབས་གོམ་འཁྱོར་བ་དང་གསུང་སྒྲོས་སྒྲ་མི་གསལ་བ་སོགས་བགྲེས་ཉམས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དེ་ཇུན་གར་བས་བོད་དུ་དབང་སྒྱུར་བྱས་རྗེས་དབང་མེད་སྲིད་སྐྱོང་གི་མིང་བཏགས། ཇུན་གར་བས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསེར་སྡོང་དང་། དབུས་གཙང་ཁུལ་གྱི་དགོན་སྡེ་གླིང་བཅུ་གསུམ་ཞེས་པ་རྣམས་བཤིག་པར་བརྩམས་པ་ན་སྟག་རྩེ་མི་དབང་གིས་ཐབས་ཤེས་ཀྱིས་སྲུང་སྐྱོང་གནང་བ་དང་། དགའ་ལྡན་སྒྲུབ་མཆོད་སླར་གསོའི་མཐུན་རྐྱེན་གནང་བ་སོགས་མཛད། ཇུན་གར་གྱི་དབང་སྒྱུར་སྐབས་ལྷ་བཟང་ཁང་གི་སྲས་སུར་ཡ་བྲོས་འགྲོ་སྐབས་སྟག་རྩེའི་མི་སེར་རྣམས་ཇུན་གར་བར་འཇིགས་ནས་སུར་ཡ་བཟུང་སྟེ་ཇུན་གར་བར་རྩིས་སྤྲད་པ་དེ་རྗེས་སུ་ཇུན་གར་ཕམ་ནས་བྲོས་རྗེས་དོན་དེ་སྟག་རྩེ་མི་དབང་གིས་བྱས་པ་རེད་ཟེར་བའི་ཉེས་པ་བྱུང་ནས་གོང་མའི་ཁྲིམས་ཉེས་ཕོག་སྟེ་བཀྲོངས།

language:
Tibetan