- stag rtse rdzong gi mkhar shul
- ID:
- T232013
- སྟག་རྩེ་རྫོང་གི་མཁར་ཤུལ (Tibetan, Tibetan script, Original)
- > stag rtse rdzong gi mkhar shul (Tibetan, Latin script, Transliteration-THL Extended Wylie Transliteration)
- > tak tsé dzong gi khar shul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟག་རྩེ་གྲོང་ཚོའི་ཤར་ངོས་རི་སྣའི་སྟེང་དུ་གྱང་གོག་ཆེན་པོ་ཞིག་ཡོད་པ་དེ་ཕག་གྲུའི་དབང་བསྒྱུར་སྐབས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་གྲས་ཀྱི་བྱི་རི་སྟག་རྩེ་རྫོང་ཞེས་པ་དེ་ཡིན་པ་དང་། བདེ་ཆེན་གྲོང་ཚོའི་རྒྱབ་ཀྱི་རི་སྟེང་དུ་མཁར་ཤུལ་ཞིག་ཡིད་པ་དེ་ཡང་བདེ་ཆེན་བྲག་དཀར་རྫོང་ཞེས་ཕག་གྲུའི་དུས་སུ་བརྩིགས་པའི་རྫོང་ཆེན་ཞིག་ཡིན་འདུག བདེ་ཆེན་རྫོང་རྩེར་རྗེ་ཙོང་ཁ་པ་དང་། ཏཱ་ལའི་བླ་མའི་སྐུ་ཕྲེང་ལྔ་པ་སོགས་ཕེབས་པའི་ལོ་རྒྱུས་ཡོད་ལ་ཕྱིས་སུ་རྫོང་མཁར་རྣམས་ཞིག་རོལ་དུ་སོང་ཡང་བདེ་ཆེན་རྩེར་རྒྱལ་པོ་སྐུ་ཕྲེང་ལྔ་པའི་མགོན་ཁང་ཞིག་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྟག་རྩེ་གྲོང་ཚོའི་ཤར་ངོས་རི་སྣའི་སྟེང་དུ་གྱང་གོག་ཆེས་ཆེན་པོ་ཞིག་ཡོད་པ་དེ་ཕག་གྲུའི་དབང་བསྒྱུར་སྐབས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་གྲས་ཀྱི་བྱེ་རི་སྟག་རྩེ་རྫོང་ཞེས་པ་དེ་ཡིན་པ་དང་། བདེ་ཆེན་གྲོང་ཚོའི་རྒྱབ་ཀྱི་རི་སྟེང་དུ་མཁར་ཤུལ་ཞིག་ཡོད་པ་དེ་ཡང་བདེ་ཆེན་བྲག་དཀར་རྫོང་ཞེས་ཕག་གྲུའི་དུས་སུ་བརྩིགས་པའི་རྫོང་ཆེན་ཡིན་འདུག བདེ་ཆེན་རྫོང་རྩེར་རྗེ་ཙོང་ཁ་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་ཕེབས་པའི་ལོ་རྒྱུས་ཡོད་ལ་ཕྱིས་སུ་རྫོང་མཁར་རྣམས་ཞིག་རལ་དུ་སོང་ཡང་བདེ་ཆེན་རྩེར་རྒྱལ་པོ་སྐུ་ལྔའི་མགོན་ཁང་ཞིག་ཡོད།
- language:
- Tibetan