Skip to main content Skip to search
stag tsha dgon
ID:
T232014
  • སྟག་ཚ་དགོན (Tibetan, Tibetan script, Original)
    • > stag tsha dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak tsa gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བཀྲ་ཤིས་ཆོས་བཟང་གླིང་། རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་སྤྱི་ལོ་༡༦༦༣ལོར་ཨེམ་ཅི་ཆོས་རྗེའམ་བྱ་བཏང་ཆོས་རྗེ་སྨོན་ལམ་ནས་རེ་ཆུ་དང་རྨེ་ཆུའི་འདྲེས་མདོར་རི་ཁྲོད་ཅིག་གི་གཞི་བཙུགས་ཤིང་། དེ་རྗེས་རབ་བྱུང་བཅུ་བཞི་པའི་ས་གླང་སྤྱི་ལོ་༡༨༢༩ལོར་སྟག་ཚ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་ནས་དགུང་ལོ་ཉེར་དགུ་ཐོག་རི་ཁྲོད་ཀྱི་གནས་སྤོས་ཏེ་དགོན་འདི་གསར་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཁོངས་སུ་ཡོད།

language:
Tibetan