- stag tshang lo tsA ba shes rab rin chen
- ID:
- T232015
- སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན (Tibetan, Tibetan script, Original)
- > stag tshang lo tsA ba shes rab rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > tak tsang lotsawa sherab rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྣར་ཐང་ལོ་ཙཱ་བ་སངྒ་ཤྲིའི་དངོས་སློབ་འདི་ཉིད་ཡབ་དོན་གྲུབ་རྒྱལ་དང་ཡུམ་ལྷ་མོ་སྐྱབས་ཟུང་གི་སྲས་སུ་རབ་བྱུང་བདུན་པའི་ཤིང་བྱ(༡༤༠༥)ལོར་སྐུ་བསྟམས།མཚན་དཀོན་མཆོག་སྐྱབས་སུ་གསོལ། དགུང་ལོ་བདུན་པ་ལ་ཡི་གེ་འབྲི་ཀློག་མཁས་པར་མཁྱེན། སློབ་དཔོན་གཞན་དུ་བྱོན་སྐབས་ཡིག་ཕྲུག་རྒན་གཞོན་བཅོ་ལྔ་སྐོར་གྱི་སློབ་དཔོན་མཛད་ཐུབ། དགུང་གྲངས་ཉི་ཤུ་བར་ཡབ་ཡུམ་གྱི་དགོངས་པ་བསྐང་ཕྱིར་ཕྲལ་ཕྲལ་རབ་ཏུ་མ་བྱུང་ན་ཡང་། དེའི་ལོ་མཇུག་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་། ཀ་རི་ཀ་ལྔ་བཅུ་པ་སོགས་མདོ་ཕྱོགས་ལ་སྦྱོངས་པ་མཛད་དེ་བཤད་པ་ཡང་པ་ཡང་བརྩམས།དེ་ནས་ཆོས་འཁོར་བ་ཡབ་སྲས་ཀྱི་དྲུང་དུ་མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་ལེགས་པར་གསན་ཞིང་། སྔགས་ཀྱི་དཀྱིལ་ཆོག་དུ་མ་དང་། ཐིག་རྩ་ལ་སྦྱངས་པ་མཛད་པས་མཁས་པ་ཆེན་པོ་རྣམས་ལ་ཡང་དགག་སྒྲུབ་དུ་མ་མཁྱེན་པ་བྱུང་། དེ་ནས་འབྲས་སྤུངས་དགོན་དུ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལ་མདོ་ཕྱོགས་མང་དུ་གསན་ཅིང་གྲྭ་སྐོར་གཞུང་ཤིན་ཏུ་མང་བ་མཛད། གྲྭ་སྐོར་གྱི་ཚེ་ཡང་ཆོས་འབྲེལ་ཞུ་མཁན་མང་དུ་བྱུང་། ཡར་རེས་རྗེ་བྱང་སེམས་པའི་དྲུང་དུ་ལམ་འབྲས་དུས་འཁོར་སོགས་གསང་སྔགས་ཀྱི་ཆོས་ཚུལ་མང་དུ་གསན། སེམས་དཔལ་ཆེན་པོ་སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་ཕེབས་ནས་སྔ་དྲོ་ཀ་ལཱ་པ་དང་ཕྱི་དྲོ་ཙནྡྲ་པའི་བསྟན་པའི་བསྟན་བཅོས་ཚུགས། རིག་གནས་འདི་ལ་སྔ་མའི་བག་ཆགས་མ་གཏོགས་སྐུ་ཚེ་འདིར་ཐུགས་རྟོགས་མ་ཆུག་ཅིང་། ཡིག་ཆ་དཀོན་པ་དང་། རྣམ་རྒྱལ་འཇོམས། དུས་འཁོར་སོགས་སྔགས་དུ་བའི་སྐད་དོན་སྦྱོར་བ་དང་། ཡིག་རིགས་དུ་མ་མཁྱེན་ཡང་གར་ཡང་མ་ཕྱིན་པ་ལྟ་བུར་སོང་། ཡིག་ཆ་ཐམས་ཅད་ཐུན་བར་ལ་བྲིས།ཤོག་ལས་མཚན་མོ་མཛད། ཚ་དྲོའི་བར་ལ་གཞུང་བཟུང་། སྲོད་ཐོ་རངས་སྐྱོང་རན་མཛད་པས་ཤིན་ཏུ་བསྙེལ་བ་བྱུང་ཡང་རགས་རིམ་ཐུགས་སུ་ཆུད། སླར་ལོ་ཆེན་ཆོས་འཁོར་དུ་སྦྱན་དྲངས། ཐ་སྙད་རིག་གནས་ལྔ་ཆར་ཡོངས་སུ་རྫོགས་པས་གསན་ཅིང་མཁྱེན། བོ་དོང་པཎ་ཆེན་དང་མཇལ་ནས་གསུང་ཆོས་མང་དུ་གསན། དེ་ནས་ཆོས་འཁོར་གྱི་གདན་སར་ཕེབས།འཁོར་ལོ་གསུམ་གྱི་མཛད་པས་ཡུན་རིང་དུ་བསྟན་པ་བསྐྱངས། དགུང་གྲངས་ང་གཅིག་པ་ཤིང་ཕག(༡༤༥༥)ལོར་དུས་འཁོར་སྤྱི་དོན་བརྩམས། མདོ་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་། རིག་གནས་ཀུན་ཤེས་ཀྱི་རྩ་འགྲེལ་སོགས་དུ་མ་ལྗགས་རྩོམ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་འགྱུར་ཡང་མང་པོ་མཛད། ཐུགས་སྲས་ལ་ཡང་། འུག་ཚང་རིན་པོ་ཆེ་དང་། སློབ་དཔོན་འདུལ་འཛིན་སྔོན་མོ། རྟ་ནག་རབ་འབྱམས་པ་ཤེས་རབ་ཆོས་འབྱོར། སློབ་དཔོན་དཀའ་བཅུ་པ་སྐྱེས་མཆོག ཀུན་དགའ་རྒྱལ་མཚན །བྱམས་ཆེན་པ་སངས་རྒྱས་འཕེལ།སེ་ར་བ་བློ་གྲོས་སེང་གེ། ཞཱ་ལུ་བ་བློ་གྲོས་སེང་གེ། དྭགས་པོ་བློ་གྲོས་མཐའ་ཡས། སྒྲ་དུས་ལ་སྦྱངས་པ་ཀུན་དགའ་འོད་ཟེར་སོགས་ཤིན་ཏུ་མང་ཞིང་། ཁྱད་པར་སློབ་མའི་མཆོག་ནི་ཞ་ལུ་ལོ་ཆེན་ཡིན་ནོ།(འདས་ལོ་མ་རྙེད)
- language:
- Tibetan
2. Thupten Phuntsok Dictionary
སྣར་ཐང་ལོ་ཙཱ་བ་སངྒ་ཤྲིའི་དངོས་སློབ་འདི་ཉིད་ཡབ་དོན་གྲུབ་རྒྱལ་པོ་དང་ཡུམ་ལྷ་མོ་སྐྱབས་ཟུང་གི་སྲས་སུ་རབ་བྱུང་བདུན་པའི་ཤིང་བྱ (༡༤༠༥ལོར་སྐུ) བལྟམས། མཚན་དཀོན་མཆོག་སྐྱབས་སུ་གསོལ། དགུང་ལོ་བདུན་པ་ལ་ཡི་གེ་འབྲི་ཀློག་མཁས་པར་མཁྱེན། སློབ་དཔོན་གཞན་དུ་བྱོན་སྐབས་ཡིག་ཕྲུག་རྒན་གཞོན་བཅོ་ལྔ་སྐོར་གྱི་སློབ་དཔོན་མཛད་ཐུབ། དགུང་གྲངས་ཉི་ཤུ་བར་ཡབ་ཡུམ་གྱི་དགོངས་པ་བསྐང་ཕྱིར་ལོ་མཇུག་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་། ཀ་རི་ཀ་ལྔ་བཅུ་པ་སོགས་མདོ་ཕྱོགས་ལ་སྦྱངས་པ་མཛད་དེ་བཤད་པ་ཡང་བརྩམས། དེ་ནས་ཆོས་འཁོར་བ་ཡབ་སྲས་ཀྱི་དྲུང་དུ་མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་ལེགས་པར་གསན་ཞིང་། སྔགས་ཀྱི་དཀྱིལ་ཆོག་དུ་མ་དང་། ཐིག་རྩ་ལ་སྦྱངས་པ་མཛད་པས་མཁས་པ་ཆེན་པོ་རྣམས་ལ་ཡང་དགག་སྒྲུབ་དུ་མ་མཁྱེན་པ་བྱུང་། དགུང་གྲངས་ང་གཅིག་པ་ཤིང་ཕག (༡༤༥༥) ལོར་དུས་འཁོར་སྤྱི་དོན་བརྩམས། མདོ་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་། རིག་གནས་ཀུན་ཤེས་ཀྱི་རྩ་འགྲེལ་སོགས་དུ་མ་ལྗགས་རྩོམ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་འགྱུར་ཡང་མང་པོ་མཛད། ཐུགས་སྲས་ལ་ཡང་། འུག་ཚང་རིན་པོ་ཆེ་དང་། སློབ་དཔོན་འདུལ་འཛིན་སྔོན་མོ། རྟ་ནག་རབ་འབྱམས་པ་ཤེས་རབ་ཆོས་འབྱོར། སློབ་དཔོན་དཀའ་བཅུ་པ་སྐྱེས་མཆོག ཀུན་དགའ་རྒྱལ་མཚན། བྱམས་ཆེན་པ་སངས་རྒྱས་འཕེལ། སེ་ར་བློ་གྲོས་སེང་གེ ཞ་ལུ་བ་བློ་གྲོས་སེང་གེ། དྭགས་པོ་བློ་གྲོས་མཐའ་ཡས། སྒྲ་དུས་ལ་སྦྱངས་པ་ཀུན་དགའ་འོད་ཟེར་སོགས་ཤིན་ཏུ་མང་ཞིང་། ཁྱད་པར་སློབ་མའི་མཆོག་ནི་ཞ་ལུ་ལོ་ཆེན་ཡིན་ནོ། །འདས་ལོ་མ་རྙེད།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བདུན་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1405 [748] ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གིས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་ཕུལ་དུ་བྱུང་བ་མཛད་ཅིང་མཁས་པའི་ཚད་མར་འཛིན་སར་གྱུར་ཏེ། 《དུ་ཀུ་ལའི་གོས་བཟང》ལས “རིག་པའི་གནས་ཐམས་ཅད་ལ་འཁྲུལ་བའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ” ཞེས་ཚད་མཐོན་པོས་གདེང་འཇོག་གནང་འདུག ལྷག་པར་དུ་གསོ་བ་རིག་པའི་སྐོར་ལ་མཛད་རྗེས་ཆེ། དུས་ཕྱིས་སུ་ཡར་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་པ་ཐར་གླིང་ཆོས་སྡེ་གསར་དུ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་བསྐྱངས། དགུང་ལོ་ལྔ་བཅུ་ཐམ་པ་རབ་བྱུང་བརྒྱད་པའི་ཤིང་མོ་ཕག་ལོ་སྟེ་སྤྱི་ལོ 1455 ལོར《དུས་འཁོར་སྤྱི་དོན》ལྗགས་བརྩམས་གནང་། ཁོང་གིས་ཐོག་མར་རྗེ་ཙོང་ཁ་པ་ལ་མ་མཉེས་པའི་ཚུལ་ཅུང་ཟད་མཛད་ཀྱང་རྗེས་སུ་འགྱོད་བཤགས་ཕུལ་བའི་ལོ་རྒྱུས་ཡོད། ཁོང་གི་རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི《གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོག》དང་། 《སྨན་གྱི་ལག་ལེན་གཅེས་བསྡུས་ལེའུ་བཅུ་པ་རེག་པས་ནད་སེལ》། 《གསོ་རིག་མིང་ཚིག་འགའ་ཞིག་དོན་གྱི་བཞིན་རས་སྟོན་པའི་མེ་ལོང》། 《རིག་གནས་ཀུན་ཤེས》བཅས་དང་། བསྒྱུར་རྩོམ་ནི་བསྟན་འགྱུར་ལས《སྡེབ་སྦྱོར་གྱི་བསྟན་བཅོས》བཅས་མང་དུ་བཞུགས་སོ།།
- language:
- Tibetan