Skip to main content Skip to search
stag ri seng ri mjug ma sbrel ba
ID:
T232020
  • སྟག་རི་སེང་རི་མཇུག་མ་སྦྲེལ་བ (Tibetan, Tibetan script, Original)
    • > stag ri seng ri mjug ma sbrel ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tak ri seng ri jukma drelwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། ལྷ་ས་གྲོང་ཁྱེར་ནང་དམར་པོ་རི་སྤྱན་རས་གཟིགས་ཀྱི་བླ་རི་གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུ་དེའི་སྟེང་དུ་རྒྱལ་པོའི་ཕོ་བྲང་བཞེངས་ན་ལེགས་པ་བཞིན་ད་ལྟའི་པོ་ཏ་ལ་ཕོ་བྲང་ཆགས་པའི་རི་འདི་ཡིན་པ་དང་། ཕྱག་ན་རྡོ་རྗེའི་བླ་རི་སེང་གེ་གནམ་དུ་མཆོང་བ་འདྲ་བ་ཞེས་པ་ནི་ཡོངས་སུ་ལྕགས་པོ་རིར་འབོད་པ་འདི་ཡིན་ཅིང་། འཇམ་དཔལ་དབྱངས་ཀྱི་བླ་རི་སྟག་མོ་བྱེ་ཁུང་དུ་འཛུལ་བ་ལྟ་བུ་ནི་ཡོངས་གྲགསསུ་བར་མ་རི་སྟེ་མིང་ངོ་མར་བོང་བ་རི་ཞེས་འབོད་པ་འདི་ཡིན། རྒྱ་བཟའ་ཅིན་ཁྲེན་ཀོང་ཇོས་སྟག་རི་དང་སེང་རི་གཉིས་ཀྱི་མཇུག་མ་སྦྲེལ་བ་དེ་བཅད་ཅེས《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་འཁོད་པ་ལྟར་ན། ལྕགས་པོ་རི་དང་བོང་བ་རི་གཉིས་ཀྱི་མཇུག་སྦྲེལ་བ་དེ་བཅད་པ་དེར་གོ་དགོས་པས་བྲག་སྒོ་ཀཀྞིའི་ལོ་རྒྱུས་བཤད་སྲོལ་དང་མི་མཐུན་པས་དཔྱད་པར་ཞུ།

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། ལྷ་ས་གྲོང་ཁྱེར་ནང་དམར་པོ་རི་སྤྱན་རས་གཟིགས་ཀྱི་བླ་རི་གླང་པོ་ཆེ་བྲེལ་ལ་ཉལ་བ་ལྟ་བུ་དེའི་སྟེང་དུ་རྒྱལ་པོའི་ཕོ་བྲང་བཞེངས་ནས་ན་ལེགས་པ་བཞིན་ད་ལྟའི་པོ་ཏ་ལ་ཕོ་བྲང་ཆགས་པའི་རི་འདི་ཡིན་པ་དང་། ཕྱག་ན་རྡོ་རྗེའི་བླ་རི་སེང་གེ་གནམ་དུ་མཆོང་བ་འདྲ་བ་ཞེས་པ་ནི་ཡོངས་གྲགས་སུ་ལྕགས་པོ་རིར་འབོད་པ་འདི་ཡིན་ཅིང་། འཇམ་དཔལ་དབྱངས་ཀྱི་བླ་རི་སྟག་མོ་བྱེ་ཁུང་དུ་འཛུལ་བ་ལྟ་བུ་ནི་ཡོངས་གྲགས་སུ་བར་མ་རི་སྟེ་མིང་ངོ་མར་བོང་བ་རི་ཞེས་འབོད་པ་འདི་ཡིན། རྒྱ་བཟའ་ཅིན་ཁྲེན་ཀོང་ཇོས་སྟག་རི་དང་སེང་རི་གཉིས་ཀྱི་མཇུག་མ་སྦྲེལ་བ་དེ་བཅད་ཅེསཆོས་འབྱུང་མཁས་པའི་དགའ་སྟོན》ནང་འཁོད་པ་ལྟར་ན། ལྕགས་པོ་རི་དང་བོང་བར་རི་གཉིས་ཀྱི་མཇུག་སྦྲེལ་བ་དེ་བཅད་པ་དེར་གོ་དགོས་པས་བྲག་སྒོ་ཀགྞིའི་ལོ་རྒྱུས་བཤད་སྲོལ་དང་མི་མཐུན་པར་དཔྱད་པར་ཞུ།

language:
Tibetan