- stag lung chos rje ngag dbang grags pa
- ID:
- T232023
- སྟག་ལུང་ཆོས་རྗེ་ངག་དབང་གྲགས་པ (Tibetan, Tibetan script, Original)
- > stag lung chos rje ngag dbang grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > taklung chöjé ngawang drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་བདུན་པའི་ས་ཁྱི(༡༤༡༨)ལོར་སྐུ་བལྟམས། རྗེ་གང་གིས་སྐུ་ཆུང་དུས་ནས་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གཏུགས་ནས་ཕ་རོལ་དུ་ཕྱིན་པ་དང་། རྒྱུད་སྡེ། སྒྲུབ་བརྒྱུད་ཀྱི་གདམས་པ་མང་དུ་གསན། ཁྱད་པར་གཙང་ཕྱོགས་ལ་བྱོན་ནས་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་དུ་བསྟེན་ནས་ཟབ་ཆོས་དུ་མ་གསན། དཔལ་མོ་ཆོས་སྡིང་དང་ལ་ཕྱི་ལ་སོགས་པའི་གནས་མང་པོར་བཞུགས། སྙན་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ། དགུང་ལོ་བཞི་བཅུ་ཞེ་བཞི་བཞེས་པ་ལྕགས་སྦྲུལ(༡༤༦༡)ལོར་སྟག་ལུང་གི་གདན་སར་ཕེབས།ནང་གི་མཁྱེན་པ་དང་ཐུགས་དམ་ཐམས་ཅད་གྲན་ཟླ་བྲལ་ཞིང་། གཙུག་ལག་ཁང་ཆེན་པོའི་ཞབས་ཏོག་འཛིན་ཚུགས་ཐམས་ཅད་ཁྱད་པར་དུ་འཕགས་པར་མཛད། དགེ་འདུན་གྱི་སྡེ་ཆེན་པོ་དར་རྒྱས་སུ་གྱུར། དཔལ་སྟག་ལུང་ཐང་པའི་འཇིག་རྟེན་ཕྱོགས་ཀྱང་ཆོས་རྗེ་རིན་པོ་ཆེ་འདིའི་སྐུ་རིང་ཁོ་ནར་དར་རྒྱས་ཆེ། སྡེ་སྣོད་འཛིན་པ་ཇི་སྙེད་ཞབས་དྲུང་དུ་ལྷགས་པ་ན་མཁྱེན་པའི་གཏིང་མི་དཔོགས་པར་ཞུམ། འཕྲལ་གྱི་མཛད་སྤྱོད་རྣམ་ཐར་ཡང་ཤིན་ཏུ་བཟང་། ལྷ་ཆེན་བཞེངས་པ་དང་སྦྱིན་གཏོང་རྒྱ་ཆེན་མཛད་པ་སོགས་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཆུ་སྦྲུལ(༡༤༧༣)ལོར་ཆོས་རྗེ་བཀྲ་ཤིས་དཔལ་བ་གདན་སར་བཀོད་ནས་ཀུན་སྤང་མཛད་དེ་ཞབས་བརྟན་པར་བཞུགས། དགུང་ལོ་བདུན་ཅུ་དོན་དགུ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེད་འབྲུག(༡༤༩༦)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་བདུན་པའི་ས་ཁྱི (༡༤༡༨) ལོར་སྐུ་བལྟམས། རྗེ་གང་གིས་སྐུ་ཆུང་དུས་ནས་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གཏུགས་ནས་ཕ་རོལ་དུ་ཕྱིན་པ་དང་། རྒྱུད་སྡེ། སྒྲུབ་བརྒྱུད་ཀྱི་གདམས་པ་མང་དུ་གསན། ཁྱད་པར་གཙང་ཕྱོགས་ལ་བྱོན་ནས་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་དུ་བསྟེན་ནས་ཟབ་ཆོས་དུ་མ་གསན། དཔལ་མོ་ཆོས་སྡིང་དང་ལ་ཕྱི་ལ་སོགས་པའི་གནས་མང་པོར་བཞུགས། སྙན་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ། ལྷ་ཆེན་བཞེངས་པ་དང་སྦྱིན་གཏོང་རྒྱ་ཆེན་མཛད་པ་སོགས་འཕྲིན་ལས་བསམ་གྱིས་མི་ཁྱབ་པར་བྱུང་ནས་ཆུ་སྦྲུལ (༡༤༧༣) ལོར་ཆོས་རྗེ་བཀྲ་ཤིས་དཔལ་བ་གདན་སར་བཀོད་ནས་ཀུན་སྤང་མཛད་དེ་ཞབས་བརྟན་པར་བཞུགས། དགུང་ལོ་བདུན་ཅུ་དོན་དགུ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མེ་འབྲུག (༡༤༩༦) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan