Skip to main content Skip to search
stag lung chos rje rat+na ka ra
ID:
T232024
  • སྟག་ལུང་ཆོས་རྗེ་རཏྣ་ཀ་ར (Tibetan, Tibetan script, Original)
    • > stag lung chos rje rat+na ka ra (Tibetan, Latin script, Transliteration-THL Extended Wylie Transliteration)
    • > taklung chöjé ratna kara (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་ཡབ་ཐུགས་རྗེ་སྐྱབས་དང་ཡུམ་གཟུངས་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་བྱི(༡༣༠༠)ལོར་སྐུ་འཁྲུངས། མཁན་ཆེན་བསོད་ནམས་ཡེ་ཤེས་དང་སློབ་དཔོན་སངས་རྒྱས་བཟང་པོ་ལས་རབ་ཏུ་བྱུང་། མཚན་རིན་ཆེན་བྱུང་གནས་སུ་གསོལ། མཁན་ཆེན་ཤེར་མགོན་པ་དང་སློབ་དཔོན་བསོད་ནམས་དབང་ཕྱུག་པ་སོགས་ལས་བསྙེན་པར་རྫོགས། ས་སྐྱར་བྱོན་ནས་བླ་མ་བདག་ཉིད་ཆེན་པོ་དང་བླ་ཆེན་ཀུན་བློ་ལ་སོགས་དང་། དཔང་ལོ་ཙཱ་བ། འཇམ་དབྱངས་དོན་ཡོད་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་རྣམས་ཀྱི་དྲང་ནས་ཟབ་ཆོས་མང་དུ་གསན། དེ་ནས་ཇོ་མོ་ནང་དུ་ཕེབས་ནས་བྱང་སེམས་རྒྱལ་ཡེ་ལས་སྦྱོར་དྲུག་གི་ཁྲིད་དང་། སེམས་འགྲེལ་སྐོར་རྣམས་ཡོངས་སུ་རྫོགས་པར་གསན་པས་ཏིང་ངེ་འཛིན་གྱི་སྒོ་ཕྱེ། དེ་ནས་སྟག་ལུང་དུ་བྱོན་ཏེ་རཏྣ་གུ་རུའི་དྲུང་དུ་བཀའ་བརྒྱུད་ཀྱི་ཆོས་མ་ལུས་པ་གསན།དགུང་གྲངས་བཞི་བཅུ་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་ཡོས(༡༣༣༩)ལོར་སྟག་ལུང་གི་གདན་སར་ཕེབས། ལྷ་ཆེན་རྒྱབ་མཐོ་ཉི་ཤུ་རྩ་གཅིག་པ་དང་། གསེར་འབུམ་མཐོ་ཉི་ཤུ་ཡོད་པ་དང་བསྟན་འགྱུར་སོགས་བཞེངས། རྒྱུད་སྡེ་དང་སྡེ་སྣོད་ཀྱི་བཤད་པ་བཙུགས། ཆོས་དྲུག ལམ་འབྲས། སྦྱོར་དྲུག་ལ་སོགས་པའི་ཁྲིད་རྣམས་བཏབ། བླ་མ་གོང་མ་རྣམས་ཀྱི་བཅའ་ཁྲིམས་བཞིན་གདན་ས་བསྐྱངས། དགུང་ལོ་དྲུག་ཅུ་རེ་གཉིས་ལ་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་གླང(༡༣༦༡)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་ཡབ་ཐུགས་རྗེ་སྐྱབས་དང་ཡུམ་གཟུངས་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་བྱི (༡༣༠༠) ལོར་སྐུ་འཁྲུངས། མཁན་ཆེན་བསོད་ནམས་ཡེ་ཤེས་དང་སློབ་དཔོན་སངས་རྒྱས་བཟང་པོ་ལས་རབ་ཏུ་བྱུང་། མཚན་རིན་ཆེན་འབྱུང་གནས་སུ་གསོལ། མཁན་ཆེན་ཤེར་མགོན་པ་དང་སློབ་དཔོན་བསོད་ནམས་དབང་ཕྱུག་པ་སོགས་ལས་བསྙེན་པར་རྫོགས། ས་སྐྱར་བྱོན་ནས་བླ་མ་བདག་ཉིད་ཆེན་པོ་དང་བླ་ཆེན་ཀུན་བློ་ལ་སོགས་པ་ལས་ཟབ་ཆོས་མང་དུ་གསན། དགུང་གྲངས་བཞི་བཅུ་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་ཡོས (༡༣༣༩) ལོར་སྟག་ལུང་གི་གདན་སར་ཕེབས། དགུང་ལོ་དྲུག་ཅུ་རེ་གཉིས་ལ་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་གླང (༡༣༦༡) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan