- stag lung chos rje rat+na gu ru
- ID:
- T232025
- སྟག་ལུང་ཆོས་རྗེ་རཏྣ་གུ་རུ (Tibetan, Tibetan script, Original)
- > stag lung chos rje rat+na gu ru (Tibetan, Latin script, Transliteration-THL Extended Wylie Transliteration)
- > taklung chöjé ratna guru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་ཡབ་ཐུགས་རྗེ་སྐྱབས་དང་ཡུམ་གཟུངས་ལྕམ་གྱི་སྲས་སུ་རབ་བྱུང་ལྔ་པའི་ས་བྱི(༡༢༨༨)ལོར་གཡང་ཤོད་བོང་ར་སྟེངས་ལ་སྐུ་འཁྲུངས། མཁན་ཆེན་བསོད་ནམས་ཡེ་ཤེས་པ་དང་སློབ་དཔོན་སེང་བཟང་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པ་ལ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པ་ལ་དབུས་སུ་བྱོན། རིན་པོ་ཆེ་སངས་རྒྱས་དཔལ་བཟང་པོའི་དྲུང་དུ་ཀྱེེ་རྡོར་དང་། བདེ་མཆོག་གཤིན་རྗེ་དགྲ་ནག་གདོན་དྲུག་ལ་སོགས་པའི་བཀའ་ལུང་མང་པོ་དང་། ནཱ་རོ་ཆོས་དྲུག་ལ་སོགས་པའི་ཆོས་བཞུགས་པ་ཐམས་ཅད་གསན། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་བྱ(༡༣༠༩)ལོར་རིན་པི་ཆེ་ཆོས་རྗེ་དཔལ་བཟང་པོས་རྗེ་རཏྣ་གུ་རུ་སྟག་ལུང་གདན་སར་བཞུགས་སུ་གསོལ། ལོ་དེར་ས་སྐྱ་བྱོན་ནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། གྲགས་པ་རྒྱལ་མཚན། ཀུན་དགའ་སེང་གེ་རྣམས་བསྟེན་ནས་ཆོས་མང་དུ་གསན། དེ་ནས་རྗེ་ཀུན་སྤངས་པས་མཁན་པོ་དང་། བསྟན་པའི་རྒྱལ་མཚན་གྱིས་སློབ་དཔོན། ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ཀུན་སྤངས་པའི་དྲུ་དུ་དུས་འཁོར་གྱི་དབང་ཆེན་མོ། སྦྱོར་དྲུག་ལ་སོགས་པ་གདམས་པ་དཔག་ཏུ་མེད་པ་གསན། ཡོན་ཏན་ཁྱད་པར་ཅན་འཁྲུངས། དེ་ནས་ལྕགས་ཁྱི(༡༣༡༠)ལོར་ཕྱིར་ཕེབས།གསེར་བུམ་བཞེངས་པ་ལ་སོགས་པའི་བྱ་བ་རྒྱ་ཆེན་མཛད། དགུང་ལོ་ལྔ་བཅུ་ང་གཉིས་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་ཡོས(༡༣༣༩)ལོར་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་ཡབ་ཐུགས་རྗེ་སྐྱབས་དང་ཡུམ་གཟུགས་ལྕམ་གྱི་སྲས་སུ་རབ་བྱུང་ལྔ་པའི་ས་བྱི (༡༢༨༨) ལོར་གཡང་ཤོད་བོང་ར་སྟེངས་ལ་སྐུ་འཁྲུངས། མཁན་ཆེན་བསོད་ནམས་ཡེ་ཤེས་དང་སློབ་དཔོན་སེང་བཟང་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པ་ལ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལས་ཆོས་མང་དུ་གསན། དགུང་ལོ་ཉི་ཤུ་རྩ་གཉིས་ཕེབས་པ་རབ་བྱུང་ལྔ་པའི་ས་བྱ (༡༣༠༩ལོར་རིན་པོ་ཆེ་ཆོས་རྗེས་དཔལ་བཟང་པོས་རྗེ་རཏྣ་གུ་རུ་སྟག་ལུང་གདན་སར་བཞུགས་སུ་གསོལ། ལོ་དེར་ས་སྐྱར་བྱོན་ནས་འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་ནས་ཆོས་མང་དུ་གསན། དགུང་ལོ་ལྔ་བཅུ་ང་གཉིས་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་ཡོས (༡༣༣༩ལོར་ཞི་བར་གཤེགས།
- language:
- Tibetan