- stag lung mang+gal gu ru
- ID:
- T232026
- སྟག་ལུང་མངྒལ་གུ་རུ (Tibetan, Tibetan script, Original)
- > stag lung mang+gal gu ru (Tibetan, Latin script, Transliteration-THL Extended Wylie Transliteration)
- > taklung manggal(?) guru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་རབ་བྱུང་བཞི་པའི་ལྕགས་ཡོས(༡༢༣༡)ལོར་ཡབ་ཆོས་ཡགས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་དྲུག་པ་ལ་མཁན་པོ་ཐང་སྐྱ་བ་དང་སློབ་དཔོན་མཁས་པ་གྲགས་པ་བཟང་པོ་ལས་རབ་ཏུ་བྱུང་། མཁན་སློབ་ལས་འདུལ་བ་དང་། ལམ་སྒྲོན། ཇོ་བོ་རྗེ་ནས་བརྒྱུད་པའི་ཆོས་མང་དུ་གསན། བླ་མ་མཁས་གྲུབ་ཆེན་པོ་ལ་ལམ་ལྔའི་བཤད་པ་དང་། མན་ངག་གི་གོ་རིམ་པ་མང་པོ། བཤད་བརྒྱུད། སྙན་བརྒྱུད། དབང་བྱིན་རླབས་ཀྱི་བཀའ་སོགས་མང་དུ་ཞུས། དགུང་ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན། དེ་ནས་མཁན་པོ་ཐང་དཀར་པ་འོད་ཟེར་འབྱུང་གནས། སློབ་དཔོན་མཁན་པོ་རིན་ཆེན་བཀྲ་ཤིས་སོགས་ལས་བསྙེན་པར་རྫོགས། སངས་རྒྱས་ཡར་བྱོན་གྱི་དྲུང་དུ་ནཱ་རོའི་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་གདམས་པ་མང་དུ་ཞུས་ནས་ལོ་བཅུ་དྲུག་རིང་སྐུ་མཚམས་དམ་པར་མཛད་ཏེ་རྟག་ཏུ་བསམ་གཏན་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རྙེད་ནས་རོ་གཅིག་གི་སྒོམ་ཐུགས་ལ་འཁྲུངས། དེ་ནས་འགྲོ་མགོན་འཕགས་པ་དང་མཇལ་ནས་བྱིན་རླབས་སྒྲུབ་ཐབས་དང་བཀའ་ལུང་མང་པོ་ཞུས།དགུང་ལོ་ཞེ་གསུམ་ལ་ཕེབས་པ་ཆུ་བྱ(༡༢༧༣)ལོར་སྟག་ལུང་གི་གདན་སར་ཕེབས། སྟོང་གསུམ་ཟིལ་གནོན་གྱི་ཐུབ་པའི་སྐུ་ཆེན་པོ་བཞེངས། ཤར་སྒོའི་ནང་དུ་གྱང་རིས་དང་། ལྡེར་སྐུ་རྣམས་བཞེངས་པ་སོགས་མཛད། ལོ་ཉི་ཤུ་རྩ་ལྔའི་བར་དུ་གདན་སར་བཞུགས། མཐར་དགུང་ལོ་རེ་བདུན་བཞེངས་པ་རབ་བྱུང་ལྔ་པའི་མེ་བྱ(༡༢༩༧)ལོར་སྐུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་རབ་བྱུང་བཞི་པའི་ལྕགས་ཡོས (༡༢༣༡) ལོར་ཡབ་ཆོས་ཡགས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་དྲུག་པ་ལ་མཁན་པོ་ཐང་སྐྱ་བ་དང་སློབ་དཔོན་མཁས་པ་གྲགས་པ་བཟང་པོ་ལས་རབ་ཏུ་བྱུང་། མཁན་སློབ་ལས་འདུལ་བ་དང་། མན་ངག་གི་གོ་རིམ་པ་མང་པོ། བཤད་བརྒྱུད། སྙན་བརྒྱུད། དབང་བྱིན་རླབས་ཀྱི་བཀའ་སོགས་མང་དུ་ཞུས། དགུང་ལོ་ཞེ་གསུམ་ལ་ཕེབས་པ་ཆུ་བྱ (༡༢༧༣) ལོར་སྟག་ལུང་གི་གདན་སར་ཕེབས། མཐར་དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་ལྔ་པའི་མེ་བྱ (༡༢༩༧ལོར་སྐུ་གཤེགས།
- language:
- Tibetan