- stag lung sangs rgyas dbon grags pa dpal
- ID:
- T232028
- སྟག་ལུང་སངས་རྒྱས་དབོན་གྲགས་པ་དཔལ (Tibetan, Tibetan script, Original)
- > stag lung sangs rgyas dbon grags pa dpal (Tibetan, Latin script, Transliteration-THL Extended Wylie Transliteration)
- > taklung sangye wön drakpa pal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)ལོར་མདོ་ཁམས་སུ་སྐུ་འཁྲུངས། རྗེ་སྒམ་པོ་བའི་སྐུ་སྐྱེ་ཡིན་པར་གྲགས་ཤིང་། སྐུ་ཆུང་དུས་ནས་ཆོ་འཕྲུལ་མང་པོ་བསྟན། དགུང་ལོ་བཅུ་གསུམ་ལ་སངས་རྒྱས་ཡར་བྱོན་གྱི་སར་རབ་ཏུ་བྱུང་། རྗེ་དེ་ལས་བཀའ་བརྒྱུད་པའི་ཆོས་མ་ལུས་པ་དང་། ཕག་མོ་གྲུབ་པ་ནས་བརྒྱུད་པའི་སྟག་ལུང་པ་ལ་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་རྣམས་ཀྱང་ལེགས་པར་གསན །སྡེ་སྣོད་དང་རྒྱུད་སྡེ་ལ་བྱང་ཆུབ་པར་གྱུར། མཁན་པོ་ཐང་སག་པ་ལ་སོགས་པར་དབུ་མའི་འགྲེལ་ཆེན་དང་གསང་འདུས་འགྲེལ་པ་སྒྲོན་མ་གསལ་བ་སོགས་མང་དུ་གསུངས། མཚན་ཡང་གྲགས་པ་དཔལ་ཞེས་ཐོགས།སངས་རྒྱས་ཡར་བྱོན་གཤེགས་ཁར་སྟག་ལུང་གི་གདན་ས་གཏད། སངས་རྒྱས་དབོན་གྱིས་གདན་ས་ལོ་གཅིག་མཛད་ནས་ཁམས་སུ་བཞུད། དགུང་ལོ་ཉེར་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་མེ་བྱི(༡༢༧༦)ལོར་རི་བོ་ཆེ་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་ཡ་ཐང་མ་ཐང་གཉིས་སུ་གྱེས། དགོན་པ་འདི་གཉིས་སོ་སོར་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ཙམ་རེའི་འདུ་ཚོགས་བྱུང་། དགུང་ལོ་བཞི་བཅུ་ཞེ་དྲུག་ཕེབས་པ་རབ་བྱང་ལྔ་པའི་མེ་སྤྲེལ(༡༢༩༦)ལོར་འདས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་རབ་བྱུང་བཞི་པའི་ལྕགས་ཕག (༡༢༥༡) ལོར་མདོ་ཁམས་སུ་སྐུ་འཁྲུངས། རྗེ་སྒམ་པོ་པའི་སྐུ་སྐྱེ་ཡིན་པར་གྲགས་ཤིང་། སྐུ་ཆུང་དུས་ནས་ཆོ་འཕྲུལ་མང་པོ་བསྟན། དགུང་ལོ་བཅུ་གསུམ་ལ་སངས་རྒྱས་ཡར་བྱོན་གྱི་སར་རབ་ཏུ་བྱུང་། རྗེ་དེ་ལས་བཀའ་བརྒྱུད་པའི་ཆོས་མ་ལུས་པ་དང་། ཕག་མོ་གྲུ་པ་ནས་བརྒྱུད་པའི་སྟག་ལུང་པ་ལ་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་རྣམས་ཀྱང་ལེགས་པར་གསན། དགུང་ལོ་ཉེར་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་མེ་བྱི (༡༢༧༦) ལོར་རི་བོ་ཆེ་དགོན་པ་བཏབ། དགོན་པ་འདི་གཉིས་སོ་སོར་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ཙམ་རེའི་འདུ་ཚོགས་བྱུང་། དགུང་ལོ་བཞི་བཅུ་ཞེ་དྲུག་ལ་ཕེབས་པ་རབ་བྱུང་ལྔ་པའི་མེ་སྤྲེལ (༡༢༩༦) ལོར་འདས།
- language:
- Tibetan