Skip to main content Skip to search
stong nyid bzhi
ID:
T232088
  • སྟོང་ཉིད་བཞི (Tibetan, Tibetan script, Original)
    • > stong nyid bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tongnyi shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དངོས་པོ་སྟོང་པ་ཉིད། དངོས་མེད་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། གཞན་གྱི་དངོས་པོ་སྟོང་པ་ཉིད་བཞིའོ། དེ་ཡང་འདུས་བྱས་ཕུང་པོ་ལྔས་བསྡུས་པའི་ཆོས་རྣམས་རང་གི་ངོ་བོས་སྟོང་པ་དངོས་པོ་སྟོང་པ་ཉིད་དང་འདུས་མ་བྱས་རྣམས་ནི་དངོས་མེད་ཡིན་ལ། དེ་རྣམས་རང་གི་ངོ་བོས་སྟོང་པ་དངོས་མེད་སྟོང་པ་ཉིད། ཆོས་ཐམས་ཅད་ཆོས་ཉིད་དམ་རང་གི་རང་བཞིན་གྱིས་སྟོང་པ་ཉིད་དུ་གནས་པ་རང་བཞིན་སྟོང་པ་ཉིད། ཆོས་ཐམས་ཅད་སུས་ཀྱང་མ་བྱས་པར་ཡེ་ནས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཆ་ནས་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་གསུངས།

language:
Tibetan

2. Thupten Phuntsok Dictionary

དངོས་པོ་སྟོང་པ་ཉིད། དངོས་མེད་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། གཞན་གྱི་དངོས་པོ་སྟོང་པ་ཉིད་བཞིའོ། །

language:
Tibetan