Skip to main content Skip to search
stod lung khri zam
ID:
T232129
  • སྟོད་ལུང་ཁྲི་ཟམ (Tibetan, Tibetan script, Original)
    • > stod lung khri zam (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tö lung tri zam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ཀྱི་ནང་སྟོད་ལུང་མདའི་ཆུ་འགྲམ་ན་ཁྲི་དང་ཁྲིའུ་སྟེང་དུ་འདུག་སྟེ་ཁྲིམས་བཅད་ཅེས་འཁོད་པར་གཞིགས་ན་སྲོང་བཙན་གྱི་སྐུ་དུས་སུ་ཁུལ་དེར་ཁྲིའི་སྟེང་དུ་བསྡད་ནས་ཆད་པ་བཅད་པ་དང་། དེ་རྗེས་ས་གནས་དེར་ཐོག་མར་འགྲིམ་འགྲུལ་གྱི་ཟམ་པ་ཞིག་བསྐྲུན་སྟབས་དམངས་ཁྲོད་དུ་ཁྲིམས་ཟམ་ཟེར་བ་ཡང་གྲགས་སྐད། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང་ཁྲི་ཟམ་རྙིང་པ་དེར་ལོ་ལྟར་ཆུ་སྐྱོན་ཆེ་བས་ཡང་ཡང་ཉམས་བྱེད་དགོས་སྟབས་ཤུན་པ་འདུ་སྤྱིའི (གདོང་དཀར་རྫོང་འོག་ས་གནས་སྲིད་གཞུང་ནས་ཛ་སག་ཚ་རོང་པ་ཟླ་བཟང་དགྲ་འདུལ་དང་། མགྲོན་ཆེ་ཐུབ་བསྟན་ངག་དབང་གཉིས་ལ་ལས་གྲྭའི་འགོ་འཛིན་བསྐོ་གཞག་གི་ཕྱི་ལུགས་ལྕགས་ཟམ་ཞིག་གསར་སྐྲུན་བྱས་པ་དེ་ནི་བོད་དུ་ཨར་འདམ་གྱི་ལྕགས་ཟམ་ཐེངས་དང་པོ་ཡིན་པ་དང་དེའི་ཟམ་ཤུལ་ཡང་ད་ལྟ་བསྡད་ཡོད། དེའི་རྗེས་སུ་སྤྱི་ལོ༡༩༦༥ལོར་མི་དམངས་སྲིད་གཞུང་ནས་ཨར་འདམ་གྱི་ཟམ་པ་ཞིག་གསར་སྐྲུན་གནང་ཡོད།

language:
Tibetan