Skip to main content Skip to search
stod lung pa rin chen snying po
ID:
T232131
  • སྟོད་ལུང་པ་རིན་ཆེན་སྙིང་པོ (Tibetan, Tibetan script, Original)
    • > stod lung pa rin chen snying po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tö lungpa rinchen nyingpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་དང་པོའི་ཆུ་སྤྲེལ (༡༠༣༢ལོར་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ལུག (༡༡༠༣ལོར་སྟོད་ལུང་བཙན་གྲོ་དགོན་པ་ཕྱག་བཏབ། ཚོགས་པ་སུམ་བརྒྱ་རེ་ཙམ་འཚོགས། དགུང་ལོ་གྱ་ལྔ་པ་རབ་བྱུང་གཉིས་པའི་མེ་སྤྲེལ (༡༡༡༦ལོར་འདས།

language:
Tibetan

2. gangs can mkhas grub rim byon ming mdzod

[785] ཁོང་ནི་རབ་བྱུང་དང་པོའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1032 ལོར་སྐུ་འཁྲུངས། རབ་བྱུང་གཉིས་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1116 ལོར་སྐུ་གཤེགས། ཁོང་གིས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད། ལྷག་པར་དུ་བཀའ་གདམས་པའི་ཆོས་སྐོར་ཐམས་ཅད་ལ་ཤིན་ཏུ་བྱང་བར་གྱུར་ནས་ཀུན་གྱི་དགེ་བའི་བཤེས་གཉེན་དུ་གྱུར། ཁོང་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ལ་ཤམ་ཐབས་ཀྱི་ཁྲལ་ཡང་འཇལ་མྱོང་ཞིང་ཆོས་ཀྱང་མང་དུ་གསན། བྱ་ཡུལ་བ་ཆེན་པོ་གཞོན་ནུ་འོད་ནི་ཐོག་མར་ཁོང་གི་སློབ་མ་ཡིན་ཡང་རྗེས་སུ་ཁོང་གི་སློབ་དཔོན་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་ཉེ་གནས་སུ་ཕུལ་བར་མཛད། དུས་ཕྱིས་སུ་ཁོང་གིས་སྟོད་ལུང་བཙན་འགྲོ་དགོན་པ་གསར་འདེབས་མཛད་ཅིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་མཛད། ཁོང་གིས་ཚོགས་པ་བསྐྱངས་སྐབས་ཕྱོགས་སོ་སོའི་དགེ་འདུན་པ་སུམ་བརྒྱ་ཙམ་རེ་འདུས་པས་བཤད་སྒྲུབ་ཀྱི་བསྟན་པ་ཤིན་ཏུ་དར་བར་མཛད། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་བརྒྱད་ཅུ་གྱ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་བཀའ་གདམས་པའི་དགེ་བཤེས་སྙན་གྲགས་ཅན་ཞིག་ཡིན་ནོ།།

language:
Tibetan