Skip to main content Skip to search
ston thog gi drug cha
ID:
T232141
  • སྟོན་ཐོག་གི་དྲུག་ཆ (Tibetan, Tibetan script, Original)
    • > ston thog gi drug cha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tön tok gi druk cha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་ཀྱི་གཞུངམངོན་པ་མཛོད》ནས་བཤད་སྲོལ་ལ། བསྐལ་པ་ཡ་ཐོག་གི་མཇུག་ཏུ་སྒེར་ལ་དབང་བའི་དཔལ་འབྱོར་ལམ་ལུགས་བྱུང་བའི་རྗེས་སུ་སྤྱི་ཚོགས་བདེ་འཇགས་ཡོང་ཆེད་དམངས་ཀྱི་རང་མོས་ཐོག་དཔོན་ཞིག་འདེམས་བསྐོ་བྱས་པ་དེ་ལ་ཞིང་དཔོན་ཟེར་བ་དང་། ཞིང་པ་དམངས་ཀྱིས་རང་ཉིད་ལ་དབང་བའི་ས་ཞིང་གི་སྟོན་འབབ་ཁལ་རེའི་ཐོག་ནས་བྲེ་གསུམ་དང་ཕུལ་གཉིས (ཁལ་རེར་བྲེ་ཉི་ཤུ་ཐམ་པ་དང་བྲེ་རེར་ཕུལ་དྲུག་རེ་རྩིས་པའི་དབང་དུ་བྱས) རེ་སྟེ། ཁལ་དྲུག་ཆའི་ཁྲལ་ཟེར་ཞིང་། དཔོན་པོའི་ལམ་ལུགས་བྱུང་བ་དང་དཔྱ་ཁྲལ་ལམ་ལུགས་བྱུང་བ་དུས་མཉམ་ཡིན་ཟེར།

language:
Tibetan