- ston pa'i dgung lo brgyad pa'i sku tshad
- ID:
- T232151
- སྟོན་པའི་དགུང་ལོ་བརྒྱད་པའི་སྐུ་ཚད (Tibetan, Tibetan script, Original)
- > ston pa'i dgung lo brgyad pa'i sku tshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tönpé gunglo gyepé kutsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་བརྒྱད་ལ་ཕེབས་པའི་སྐུ་ཚད་སྔར་སངས་རྒྱས་སྐུ་བཞུགས་སྐབས་བཟོ་བོ་བི་ཤྭ་ཀརྨས་བཞེངས་ཏེ་སངས་རྒྱས་ཀྱིས་རབ་གནས་མཛད། རྗེས་སུ་བལ་པོར་གདན་དྲངས་ནས་ལོ་མང་སོང་མཚམས། རྒྱལ་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་བཙུན་མར་བཞེས་སྐབས་ཡབ་རྒྱལ་པོས་རང་གི་སྲས་མོ་བོད་དུ་མནའ་མར་བྱོན་པའི་རྟེན་སྐལ་དུ་གནང། སྔར་འཕྲུལ་སྣང་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་པ་རྗེས་སུ་སྲོང་བཙན་སྐུ་འདས་ནས་མང་སྲོང་བཙན་པོའི་དུས་ར་མོ་ཆེར་གདན་དྲངས་ནས་ཇོ་བོ་རྣམ་གཉིས་བཞུགས་ཡུལ་བརྗེས་པ་ཡིན་ཞེས་ལོ་རྒྱུས་མང་པོར་གསལ།
- language:
- Tibetan