- stobs kyi nus pa
- ID:
- T232157
- སྟོབས་ཀྱི་ནུས་པ (Tibetan, Tibetan script, Original)
- > stobs kyi nus pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tob kyi nüpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བསིལ་སྨན་གྲང་སར་སྐྱེས་པ་དང་། དྲོད་སྨན་དྲོ་སར་སྐྱེས་ནས་ནད་ཚ་གྲང་འཇོམས་པའི་ཁྱད་འཕགས་ཀྱི་སྟོབས་དང་ལྡན་པའི་སྨན་གྱི་ནུས་པའི་མིང་སྟེ། བཤད་པ་སྐུའི་རྒྱུད་ལས། གངས་ཅན་འབིགས་བྱེད་ཟླ་ཉིའི་སྟོབས་ལྡན་པས། བསིལ་དྲོད་ཕུལ་དུ་བྱུང་བས་སྟོབས་ཞེས་བྱ། དེ་ལ་ཚ་བས་གྲང་བའི་ནད་རྣམས་སེལ། བསིལ་བས་ཚ་བའི་ནད་རྣམས་སེལ་བར་བྱེད། ཅེས་གསུངས་པ་དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། དང་པོ་སྟོབས་ཀྱི་ནུས་པ་ནི། གངས་ཅན་ཏེ་རྫ་མཐོན་སྲིབ་ཕྱོགས་ཏེ། བསིལ་བའི་སར་སྐྱེས་པ་ནི་ཟླ་བའི་སྟོབས་དང་ལྡན་ཞེས་ཤིན་ཏུ་བསིལ་བས། གནས་དེར་སྐྱེས་པའི་བསིལ་སྨན་ནི་སྐྱེ་སར་སྐྱེས་པས་མཆོག་ཏུ་བཟང་ལ། གནས་དེའི་དྲོད་སྨན་ནི་དམན་པས་བཏུ་བར་མི་བྱའོ། །འབིགས་བྱེད་དེ་ཉིན་ཕྱོགས་དང་ཚད་རོང་སོགས་དྲོ་སར་སྐྱེས་པ་ནི་ཉི་མའི་སྟོབས་དང་ལྡན་ཞེས་ཤིན་ཏུ་དྲོ་བས། གནས་དེར་སྐྱེས་པས་མཆོག་ཏུ་བཟང་ལ། གནས་དེའི་བསིལ་སྨན་ནི་གནས་མ་ཡིན་པར་སྐྱེས་པས་ནུས་པ་དམན་པར་འགྱུར་ཕྱིར་སྤང་བར་བྱའོ། །འདི་ནི་རྒྱུད་དང་མན་ངག་ཐམས་ཅད་ལས་ཡོན་ཏན་གྱི་སྙིང་པོ་ནུས་པའི་སྟོབས་སུ་བསྟན་པས་ཤིན་ཏུ་གལ་ཆེ་བའོ། །ཞེས་གསུངས་པ་ལྟར་རོ། །
- language:
- Tibetan