Skip to main content Skip to search
bstan rgyas gling lcog
ID:
T232227
  • བསྟན་རྒྱས་གླིང་ལྕོག (Tibetan, Tibetan script, Original)
    • > bstan rgyas gling lcog (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ten gyé ling chok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་ཤིང་ལུག (༡༨༩༤)ལོའི་རྗེས་སུ་དེ་མོ་སྲིད་ཟུར་བློ་བཟང་འཕྲིན་ལས་རབ་རྒྱས་དབུ་ཉེས་བྱུང་རྗེས་དང་། ཆུ་བྱི (༡༩༡༢)ལོའི་རྗེས་སུ་བསྟན་རྒྱས་གླིང་གྲྭ་ཚང་རྩ་འཐོར་དུ་སོང་ནས་དེ་སྔའི་དགོན་ཤུལ་གྱི་འདུ་ཁང་སྦུག་ཏུ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་བརྙན་སྤྱི་ཁྲེ་གསུམ་ལྷག་ཙམ་བྱས་པ་ཞིག་དང་། ཐུབ་དབང་། གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་མི་ཚད། བར་ཐོག་ཏུ་གུར་ཞལ་གྱི་མགོན་ཁང་། རྩེ་ཐོག་ཏུ་གནོད་སྦྱིན་ཙིའུ་དམར་པོའི་ལྕོག་བཅས་ཡོད་པའི་འོག་གི་འདུ་ཁང་འབྲས་སྤུངས་ཀོང་པོ་ཁང་ཚན་ནས་བདག་སྐྱོང་བྱེད་པ་དང་། བར་ཐོག་གི་གུར་ཞལ་མགོན་ཁང་དང་རྩེ་ཐོག་གི་ཙི་དམར་ལྕོག་བསམ་ཡས་དགོན་པ་ནས་བདག་སྐྱོང་བྱེད།

language:
Tibetan