- bstan pa'i gtad rabs
- ID:
- T232237
- བསྟན་པའི་གཏད་རབས (Tibetan, Tibetan script, Original)
- > bstan pa'i gtad rabs (Tibetan, Latin script, Transliteration-THL Extended Wylie Transliteration)
- > tenpé té rab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཆོས་ལུགས་གང་དང་གང་ཡིན་ཀྱང་ཆོས་ལུགས་དེ་གསར་གཏོད་མཛད་པ་པོས་རང་ཉིད་འདས་ཁར་རང་གི་སློབ་མའི་ནང་ནས་ཡོན་ཏན་འཛོམས་ཤིང་ཡིད་ཆེས་ལྡན་པ་ཞིག་རང་ཉིད་ཀྱི་ཤུལ་རྒྱུན་འཛིན་མཁན་དུ་བསྐོས་པ་དེར་བསྟན་པའི་གཏད་རབས་ཟེར་ཞིང་། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ཀྱིས་རང་ཉིད་ཀྱི་སློབ་མ་ཉན་ཐོས་འོད་བསྲུངས་ཆེན་པོ་ཆོས་ཀྱི་བདག་པོར་བསྐོས་པ་ནས་རྒྱུན་མ་ཆད་པར་བླ་མ་སྔ་མས་རང་ཉིད་ཀྱི་སློབ་མ་རྗེས་མའི་ནང་ནས་ཕུལ་དུ་བྱུང་བ་ཞིག་བདམས་ནས་ཆོས་ཀྱི་བདག་པོར་བསྐོས་པའི་བརྒྱུད་རིམ་བསྟན་པའི་གཏད་རབས་ལ་ཟེར།
- language:
- Tibetan