Skip to main content Skip to search
bstan pa'i me ro bslangs
ID:
T232239
  • བསྟན་པའི་མེ་རོ་བསླངས (Tibetan, Tibetan script, Original)
    • > bstan pa'i me ro bslangs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tenpé mé ro lang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱས་པ་སྟེ། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཨུ་ཙུང་གི་ཧུའི་ཁྲང་ཁྲི་ལོ་དང་པོ་ལྕགས་བྱ (༨༤༡)ལོར་རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་བསྣུབས་པ་ནས། སུང་བྱང་རྒྱལ་རབས་ཀྱི་གོང་མ་སུང་ཐའི་ཙུང་ཀྲའོ་ཀོང་དབྱི་ཐའི་ཕིང་ཤིན་གོ་ཁྲི་ལོ་གསུམ་པ་ས་སྟག (༩༧༨)ལོ་བར་བོད་དབུས་གཙང་དུ་སངས་རྒྱས་ཆོས་ལུགས་ཀྱི་མིང་ཙམ་མ་གཏོགས་མེད་པར་གྱུར་ཞིང་། དེ་ནས་དབུས་གཙང་གི་མཁས་པ་མི་བཅུས་མདོ་སྨད་ནས་སངས་རྒྱས་ཆོས་ལུགས་བསྐྱར་གསོ་མཛད་པ་དེ་ལ་ཟེར།

language:
Tibetan