Skip to main content Skip to search
tha ma khi
ID:
T232270
  • ཐ་མ་ཁི (Tibetan, Tibetan script, Original)
    • > tha ma khi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tama khi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྣ་ཐ་ཤིང་སོགས་ཀྱི་རྫས་སྦྱོར་མེར་བསྲེགས་ནས་དུ་བ་ཁར་བརྔུབ་བྱའི་རྫས་ངན་གྱི་མིང་སྟེ། འཁྲུལ་ཞིག་པདྨ་བདུད་འདུལ་གྱིས་མཛད་པའི་སྣ་ཐ་དང་། ཐ་མ་ཁའི་ཉེས་པ་གསལ་སྟོན་ཤེལ་དཀར་མེ་ལོང་ལས། ཐ་མ་ཁ་དང་། ཐ་མ་ཁི་ནི། སྔོན་བདུད་རྒྱལ་དགའ་རབ་དབང་ཕྱུག་གིས་ལོག་པའི་བསམ་སྦྱོར་ངན་པའི་མངག་ཆ་ལྟར་སྲིན་མོ་སྤུན་བདུན་གྱིས་མངལ་ཁྲག་སར་བཏབ་སྟེ་ལོག་པའི་སྨོན་ལམ་བཏབ་པ་ལས་སྐྱེས་པར་གྲགས་པའི་སྣ་ཐ་ཞེས་པའི་ཤིང་སོགས་རྫས་ངན་གྱི་སྦྱོར་བ་མེར་བསྲེགས་ནས་དུ་བ་ཁར་བརྔུབ་བྱའི་རྫས་ཀྱི་མིང་སྟེ། དེ་ལོངས་སུ་སྤྱོད་པས་ན་འབྲས་བུ་ཤ་སྐེམ་པ་དང་། མདོག་སྔོན་པོར་འགྱུར་བ། ཟས་འགག་པ། གློ་ལུ་བ། རྫ་སྦུབས་ནག་པོར་འགྱུར་བ། དུས་མ་ཡིན་པ་འཆི་བར་འགྱུར་བ། འཆི་བའི་ཚེ་རྣམ་ཤེས་དབུ་མའི་ལམ་དུ་འགྲོ་མི་ཐུབ་པ་འགག་པར་གྱུར་ཏེ་ངན་འགྲོར་ལྟུང་བ་སོགས་ཉེས་པ་ཤིན་ཏུ་ཆེ་ཞིང་འདོད་ཡོན་ཐམས་ཅད་ཀྱི་ཐ་མ་ཡིན་པའི་ཕྱིར་ཐ་མ་ཞེས་བཤད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan