Skip to main content Skip to search
thang ka'o dzung
ID:
T232304
  • ཐང་ཀའོ་ཛུང (Tibetan, Tibetan script, Original)
    • > thang ka'o dzung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tangka o dzung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཐང་རྒྱལ་རབས་ཀྱི་གོང་མ་དང་པོ་ཐང་ཀའོ་ཙུའུ(唐高祖)མིང་དངོས་ལི་ཡུའན་(李渊)ཟེར། སུའི་རྒྱལ་རབས་ཀྱི་གོང་མ་སུའི་གཡང་རྟིའི་སྐབས་ཀྱི་ཐའི་ཡོན་ཧྥུའི་ས་གནས་དཔོན་རིགས་ཤིག་ཡིན་ཀྱང་། ཆབ་སྲིད་ཀྱི་འཇོན་ཐང་ཆེན་པོ་མེད་པའི་ཐོག རྒྱུན་དུ་ཆང་ལ་དགའ་ཞིང་མ་རབས་ཀྱི་སྤྱོད་ངན་ཅན་ཞིག་ཡིན། འོན་ཀྱང་ཞིང་པའི་གྱེན་ལངས་ཀྱིས་སུའི་རྒྱལ་རབས་ལ་ཚབས་ཆེན་གྱིས་རྡུང་རྡེག་ཕོག་པ་དང་དུས་མཚུངས་ས་གནས་ཁག་གི་དཔོན་རིགས་དང་ས་བདག་རྣམས་ཀྱིས་ཀྱང་མཉམ་དུ་གྱེན་ལངས་བྱས་ཏེ་སུའི་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་དར་ཆ་བསྒྲེངས་ཏེ། ས་བདག་གྲལ་རིམ་གྱི་སྲིད་དབང་བསྐྱར་གསོ་བྱེད་རྒྱུ་དང་། ཞིང་པའི་གྱེན་ལངས་ཀྱི་རྒྱལ་ཁའི་འབྲས་བུ་རྐུ་འཕྲོག་བྱེད་ཆེད། སྤྱི་ལོ༦༡༧ལོར་ལི་ཡུའན་རང་ཉིད་དང་བུ་ལི་ཧྲི་མིང་གཉིས་ཀྱིས་ཐའི་ཡོན་ཧྥུ་ནས་དམག་དྲངས་ཏེ་ཁྲང་ཨན་རྒྱལ་ས་ཕྲོགས་ཤིང་སྤྱི་ལོ༦༡༨ལོར་སུའི་རྒྱལ་རབས་ཀྱི་གོང་མ་སུའི་གཡང་རྟི་རང་འོག་གི་དམག་དཔོན་གྱིས་བསད་རྗེས། ལི་ཡུན་རང་ཉིད་གོང་མ་བྱས་པའི་མིང་ལ་ཐང་ཀའོ་ཙུང་ཟེར། རྒྱལ་རབས་ཀྱི་མིང་ནི་ཐང་དང་། རྒྱལ་ས་ནི་ཁྲང་ཨན་(ཧྲན་ཤིས་ཞིང་ཆེན་གྱི་ཤིས་ཨན་ཡིན།)

language:
Tibetan

2. Thupten Phuntsok Dictionary

ཐང་རྒྱལ་རབས་ཀྱི་གོང་མ་དང་པོ་ཐང་ཀའོ་ཙུའུ་མིང་དངོས་ལི་ཡུའན་ཟེར། སུའི་རྒྱལ་རབས་ཀྱི་གོང་མ་སུའི་གཡང་རྟིའི་སྐབས་ཀྱི་ཐའི་ཡོན་ཧྥུའི་ས་གནས་དཔོན་རིགས་ཤིག་ཡིན་ཀྱང་། ཆབ་སྲིད་ཀྱི་འཇོན་ཐང་ཆེན་པོ་མེད་པའི་ཐོག རྒྱུན་དུ་ཆང་ལ་དགའ་ཞིང་མ་རབས་ཀྱི་སྤྱོད་ངན་ཅན་ཞིག་ཡིན་ནོ། །

language:
Tibetan